བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་མཐུད་པ་གློད་བཀྲོལ་བཏང་བ།

སྐུ་ཞབས་འཕྲིན་ལས་བླ་མ་ལགས་ཁ་ས་བལ་ཡུལ་ནང་ས་གནས་ཉེན་རྟོག་པས་དུས་ཡུན་ཚོུད་༨་བཀག་ཉར་བྱས་པའི་རྗེས་གློད་བཀྲོལ་བཏང་བ།

2011.08.06

༄༅༎བལ་ཡུལ་བོད་མིའི་དངས་ལངས་སྤྱི་ཁྱབ་འབྲེལ་མཐུད་པ་སྐུ་ཞབས་འཕྲིན་ལས་བླ་མ་ལགས་ཁ་ས་རེས་གཟའ་པ་སངས་ཉིན་ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་དུས་ཡུན་ཚོུད་༨་བཀག་ཉར་བྱས་པའི་རྗེས་གློད་བཀྲོལ་བཏང་ཡོད་པའི་སྐོར། རྒྱ་གར་གྱི་དུས་བབ་(The Times of India)ཞེས་པའི་གསར་ཤོག་ཐོག་ད་ཆ་གནས་ཚུལ་སྤེལ་འདུག

བལ་ཡུལ་བོད་མིའི་དངས་ལངས་སྤྱི་ཁྱབ་འབྲེལ་མཐུད་པ་འཕྲིན་ལས་བླ་མ་ལགས་དུས་ཡུན་ཚོུད་བརྒྱད་རིང་འཛིན་བཟུང་བཀག་ཉར་བྱས་ཏེ་ད་ཆ་གློད་བཀྲོལ་བྱས་ཡོད་ཀྱང་གོང་ཞུས་བལ་ཡུལ་བོད་མིའི་དངས་ལངས་སྤྱི་ཁྱབ་འབྲེལ་མཐུད་ལས་ཁང་དུ་དམ་དྲག་བྱེད་རྒྱུའི་ཐུགས་ཚབས་གནང་བཞིན་ཡོད་པ་རེད  སྐུ་ཞབས་འཕྲིན་ལས་བླ་མ་ལགས་འཛིན་བཟུང་བྱས་པའི་དུས་ཚོད་དེརྒྱ་ནག་གི་སྐུ་ཚབ་ཚོགས་པ་ཞིག་ལུམ་སྦིའི་གླིང་དུ་གཟིགས་སྐོར་ཕེབས་རྒྱུའི་སྔ་ནུབ་དུ་ཡིན་པ་རེད་ལ་གསར་དུ་འོས་འདེམས་བྱུང་བའི་བོད་མིའི་སྒྲིགས་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་བཀའ་བློན་ཁྲི་པའི་ཐུགས་འགན་དངོས་སུ་བཞེས་རྒྱུའི་དམ་འབུལ་གནང་བར་ཉིན་གྲངས་གསུམ་ལས་མེད་པའི་དུས་ཚོད་དེར་ཡིན་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎