བཀའ་བློན་ཁྲི་པ་མཆོག་ཕ་རེན་སིར་འཚམས་འདྲི་གནང་བ།

བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་ཕེ་རན་སིའི་ཕྱི་སྲིད་ལས་ཁུངས་ཀྱི་དཔོན་རིགས་དང༌གྲོས་ཚོགས་འཐུས་མི་ཁག་ལ་བོད་དོན་གླེང་སློང༌།

2011.11.27

༄༅༎བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་པེ་རི་སེ་ལ་ཉིན་གཅིག་གི་གཟིགས་སྐོར་རིང་ཕེ་རན་སིའི་ཕྱི་སྲིད་ལས་ཁུངས་ཀྱི་དཔོན་རིགས་དང༌། གྲོས་ཚོགས་གོང་མའི་བོད་དོན་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམ་པ་དང་དེ་རྗེས་ས་གནས་ཀྱི་བོད་མི་རྣམས་ཟུར་འཇལ་གྱིས་བོད་དོན་སྐོར་གླེང་སློང་གནང་ཡོད་འདུག
བཀའ་ཁྲི་མཆོག་གིས་བཀའ་ཤག་སྐབས་བཅུ་བཞི་པའི་དམིགས་ཡུལ་ནི། བོད་ནང་རང་དབང་བསྐྱར་གསོ་དང་།༸གོང་ས་མཆོག་བོད་ནང་ཕྱིར་ཕེབས་གནང་རྒྱུ་དེ་གཉིས་ཡིན་ལུགས་བསྐྱར་བརྗོད་གནང་འདུག འཛིན་སྐྱོང་གི་དབུ་ཁྲིད་པའི་ཆ་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་གི་བདེ་སྡུག་ལ་གཟིགས་སྐྱོང་གནང་རྒྱུའི་འགན་ཁུར་ཡོད་པ་དང་།དེ་ནས་ཤེས་ཡོན་གལ་ཆེ་ཤོས་ཡིན་ལུགས་གསུངས་གནང་འདུག བཀའ་ཤག་སྐབས་བཅུ་བཞི་པ་དབུ་བརྙེས་ནས་ཉི་མ་བརྒྱ་ཐམ་པ་ཕྱིན་པོའི་སྐབས་འདིར་བཀའ་ཁྲི་མཆོག་གིས་དཔལ་འབྱོར་སོགས་མཐུན་རྐྱེན་ཞན་པའི་བཀའ་ངལ་ཇེ་ཆེ་ཡོད་ཀྱང་ཐེངས་འདིའི་བཀའ་ཤག་འདི་ད་བར་གྱི་བྲེལ་ཟིངས་ཆེས་ཤོག་ཀྱི་བཀའ་ཤག་ཡིན་པ་དང་། འཛིན་སྐྱོང་གྱི་སྲིད་ཞུ་བ་ཚོས་ལྷག་བློ་ཆེན་པོས་ཕྱག་ལས་གནང་མུས་ཡིན་སྐོར་གསུངས་པ་དང་སྦྲགས། ཕ་རནྶེ་ནང་གནས་སྡོད་བོད་མི་ཚོས་ཀྱང་མཐུན་འགྱུར་གནང་དགོས་སྐོར་འབོད་བསྐུལ་ཡང་ཞུས་གནང་འདུག རྗེས་སུ་གྲོང་ཁྱེར་པེ་རི་སེའི་ཚོགས་ཁང་ཞིག་ཏུ་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་རྗེས་ཕ་རནྶེ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་མཛད་གཙོ་རྣམས་ཟུར་མཇལ་གནང་ཡོད་འདུག། བཀའ་ཁྲི་མཆོག་གིས་ཚོགས་པ་ཁག་གིས་མུ་མཐུད་ནས་རྒྱབ་སྐྱོར་གནང་བ་བསྔགས་བརྗོད་དང་སྦྲགས་བོད་མང་གནས་སྟངས་ཁག་པོ་ཡིན་མིན་ལ་ལྟོས་མེད་ཀྱིས་ཕྱི་ནང་གཉིས་སུ་བོད་མིའི་སེམས་སྟོབས་ལ་འགྱུར་བ་མེད་ལུགས་གསུངས་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎