སེམས་བརྒྱུད་ཀྱི་རང་བཞིན་བཟང་པོ།


2013.06.21
༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་ལྗགས་རྩོམ་གནང་བའི་ཕྱག་དེབ་སེམས་བརྒྱུད་ཀྱི་རང་བཞིན་བཟང་པོ།
ཕྱག་དེབ་དེའི་སྐོར་གྱི་དྲ་གནས།

༄༅།    །བཀའ་བརྒྱུད་བསྟན་པའི་གསལ་བྱེད་༧དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་ལྗགས་རྩོམ་གནང་བའི་དབྱིན་སྐད་ཐོག་The Heart is Nobleའམ་སེམས་བརྒྱུད་ཀྱི་རང་བཞིན་བཟང་པོ་ཞེས་མཚན་སྦྱང་དུ་འཁོད་པའི་ཕྱག་དེབ་ཞིག་རེས་གཟའ་ལྷག་པའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་དབུ་འབྱེད་གནང་འདུག
ཀརྨ་པ་རིན་པོ་ཆེ་མཆོག་ནས་ཕྱག་དེབ་དབུ་འབྱེད་མཛད་སྒོའི་ཐོག་གསུང་བཤད་གནང་སྐབས་།ཁོང་གིས་ལྗགས་རྩོམ་གནང་བའི་ཕྱག་དེབ་ནང་སྤྱི་ཚོགས་ཀྱི་གནད་དོན་སོགས་ལ་ཚང་མས་སེམས་འཁུར་གནང་རྒྱུའི་ཐུགས་རེ་དང༌། འཛམ་གླིང་འདི་མ་འོངས་པར་ཡག་པོ་ཞིག་ཆགས་ཐུབ་རྒྱུ། དེ་བཞིན་ཕྱག་དེབ་དེའི་བརྒྱུད་སེམས་ཅན་མང་པོ་ཞིག་ལ་ཕན་བདེ་སྒྲུབ་རྒྱུའི་ཐུགས་རེ་གནང་བཞག    ཕྱག་དེབ་དབུ་འབྱེད་ཀྱི་མཛད་སྒོ་དེ་བཞིན་ཤམ་བྷ་ལ་པར་སྐྲུན་ཁང་གིས་གོ་སྒྲིག་ཞུས་ཏེ།    གར་གྱི་རྒྱལ་ས་ལྡི་ལི་གསར་པའི་India Habitat Center ཚོགས་ཁང་ནང་འཚོགས་གནང་བ་དང་།    རྒྱ་གར་ནང་སྙན་གྲགས་ཆེ་བའི་ལྕམ་Aruna Roy དང་།    ༧གོང་ས་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཀུན་ཕན་བདེ་རྩའི་དྲུང་ཆེ་Rajiv Mehrotra  རྩོམ་པ་པོ་གྲགས་ཅན་Pavan Varmaགྲུབ་མཐའ་སྨྲ་བ་VandanaShivaསོགས་གལ་ཆེའི་མི་སྣ་ཁག་ལྷན་བཞུགས་གནང་བས་མ་ཟད། ཕྱག་དེབ་དེའི་ཐོག་རང་རང་སོ་སོའི་དགོངས་ཚུལ་ཁག་གླེང་སློང་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎