༸གོང་ས་མཆོག་ནས་ལི་ཧཡི་ཁུལ་གྱི་མཛད་འཕྲིན་ལེགས་གྲུབ།

༸གོང་ས་མཆོག་གི་ཨ་རིའི་ལི་ཧཡི་ས་ཁུལ་དུ་ཉིན་དྲུག་རིང་གསུང་ཆོས་དང་བཀའ་སློབ་གསུང་བཤད་ཀྱི་མཛད་འཕྲིན་ལེགས་གྲུབ་ཟིན་ཡོད་འདུག

2008.07.17

༄༅༎བོད་མིའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཨ་རིའི་པེན་སིལ་ལྦེ་ནི་ཡའི་ལི་ཧཡི་ས་ཁུལ་དུ་ཉིན་དྲུག་རིང་གསུང་ཆོས་དང་བཀའ་སློབ་གསུང་བཤད་ཀྱི་མཛད་འཕྲིན་ལེགས་གྲུབ་ཟིན་ཡོད་པ་དང་ ༸གོང་ས་མཆོག་ནས་ཁུལ་དེའི་མང་ཚོགས་ལ་བླང་དོར་གྱི་བཀའ་སློབ་གསུང་བཤད་སྩལ་གནང་མཛད་པ་དེས་ཚོགས་བཅར་བ་ཡུལ་མི་ཚོ་ལ་སེམས་འགུལ་གྱི་བག་ཆགས་ཆེན་པོ་བྱུང་ཡོད་པའི་གནས་ཚུལ་བཀོད་འདུག་།།

ལི་ཧཡི་གཙུག་ལག་སློབ་གྲྭའི་གཙོ་འཛིན་ཨེ་ལིསི་གིསི་ཞུ་བས་ ༸གོང་ས་ཏཱ་ལའི་བླ་མ་མཆོག་གཙུག་ལག་སློབ་གྲྭ་དེའི་ནང་མཛད་འཕྲིན་སྐྱང་གནང་མཛད་སྐབས་ ཁོང་༸གོང་ས་མཆོག་དང་ཐད་ཀར་མཇལ་འཕྲད་ཞུ་རྒྱུའི་གོ་སྐབས་བཟང་པོ་བྱུང་ཞིང་ ༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་ནང་ཆེས་སྙན་གྲགས་དང་རླབས་ཆེན་གྱི་དབུ་འཁྲིད་ཅིག་ལ་ཡོངས་གྲགས་ངོས་འཛིན་ཡོད་ནའང་ ཁོང་ནི་སྐྱེ་བོ་ཕལ་བ་ནང་བཞིན་ཐུགས་སེམས་ཆུང་ལ་ ཞི་ཞིང་འདུལ་བ་ཞིག་འདུག་པ་དང་ ཁོང་ནི་ང་ཚོའི་གཙུག་ལག་སློབ་གྲྭ་དེའི་ནང་གྲགས་ཆེན་གྱི་སྐུ་མགྲོན་གཙོ་བོ་ཞིག་བྱུང་ཡོད་པའི་དགའ་སྤོབས་ཆེན་པོའི་ངང་འགྲེལ་བརྗོད་གནང་འདུག ཡང་མེ་ལི་ས་ཤེ་ཕར་ཞུ་བས་བེུད་ཡི་ཤུའི་ཆོས་དཔོན་ཞིག་གིས་ ༸གོང་ས་ཏཱ་ལའི་བླ་མ་མཆོག་ཁུལ་དེའི་ནང་ཆིབས་བསྒྱུར་གྱི་མཛད་འཕྲིན་ཐོག་ནས་ འཛམ་གླིང་གི་ཆོས་ལུགས་ཚང་མའི་ནང་བྱམས་དང་སྙིང་རྗེ་ལ་སོགས་པའི་རྩ་འཛིན་གཅིག་མཚུངས་ངོས་འཛིན་བྱེད་པའི་གོ་རྟོགས་གཏིང་ཟབ་ཀྱི་ཕན་རླབས་ཆེན་པོ་བྱུང་ཡོད་པ་དང་ ༸གོང་ས་མཆོག་གིས་ སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་ དུས་དང་རྣམ་པ་ཀུན་ཏུ་སེམས་བཟང་བྱེད་དགོས་པའི་བཀའ་སློབ་ནི་ཚང་མའི་ཡིད་ལ་བཅངས་འོས་པའི་རླབས་ཆེན་གྱི་བཀའ་སློབ་དང་ལྷག་པར་དུ་དཀའ་ངལ་ག་འདྲ་ཞིག་དང་འཕྲད་རུང་ ཞི་འདུལ་གྱི་ལམ་ནས་གདོང་ལེན་བྱ་དགོས་པའི་ལམ་སྟོན་གསུང་བཤད་ནི་རླབས་ཆེན་གྱི་བཀའ་སློབ་ཁྱད་དུ་འཕགས་པ་ཞིག་བྱུང་བའི་མྱོང་ཚོར་འགྲེལ་བརྗོད་གནང་འདུག དེ་དང་དེ་བཞིན་ལི་ཧཡི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་སློབ་སྟོན་སྡེ་ཚན་གྱི་འགན་འཛིན་ ཨི་ཡེན་སྦར་ཀི་ ཞུ་བས་ ༸གོང་ས་མཆོག་གི་ཉིན་དྲུག་གི་མཛད་འཕྲིན་སྐབས་ ལོ་ངོ་༣༠༠༠ལྷག་གི་ལོ་རྒྱུས་ལྡན་པའི་ནང་ཆོས་ཀྱི་ལྟ་གྲུབ་དང་ནང་ཆོས་ཀྱི་སེམས་ཁམས་རིག་པའི་སྐོར་གསུང་བཤད་གནང་སྐབས་ ནུབ་ཕྱོགས་པའི་སེམས་ཁམས་རིག་པའི་ལྟ་གྲུབ་ལས་ནང་ཆོས་ཀྱི་སེམས་གཙོ་རིག་པ་གཏིང་ཟབ་ཆེ་བའི་ཚོར་སྣང་ཆེན་པོ་བྱུང་ཞེས་གསལ་སྟོན་གནང་འདུག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎