༸གོང་ས་མཆོག་གི་སྤྱན་གཡོན་མའི་སྐྱ་སྒྲིབ་སྨན་བཅོས།

རྒྱ་གར་གྱི་སྨན་པས་༸གོང་ས་མཆོག་གི་སྤྱན་གཡོན་མའི་སྐྱ་སྒྲིབ་སྨན་བཅོས་ལེགས་པོ་བྱུང་བའི་གནས་ཚུལ།

2012.01.25

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་རྒྱལ་ས་ལྡི་ལིའི་གསར་པའི་ནང་གི་AIIMS སྨན་ཁང་གི་སྨན་པས་ཉིན་གཉིས་གོང་སྤྱན་གཡོན་མའི་སྐྱ་སྒྲིབ་སྨན་བཅོས་ཞུས་ནས་ད་ཆ་༸གོང་ས་མཆོག་གི་སྤྱན་དངས་སྐྱེད་ཡག་པོ་བྱུང་ཡོད་སྐོར་རྒྱ་གར་གྱི་ཀྲི་ཨེན་ཨེན་གསར་ལས་ཁང་གིས་གནས་ཚུལ་སྤེལ་བཞག
AIIMS སྨན་ཁང་གི་ཁྱབ་ཁོངས་རཱ་ཇེན་རྡར་པར་སའརྡ་མིག་གི་ཚན་པའི་སྤྱི་ཁྱབ་སྨན་པ་ཨར་ལྦི་ཨ་ཛའརྡ་ཡིས་རེས་གཟའ་ཉི་མའི་ཉིན་སྨན་པ་ཇེ་ཨེསི་ཏི་ཏི་ཡལ་གྱི་སྣེ་ཁྲིད་པའི་སྨན་པའི་རུ་ཁག་ཞིག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྤྱན་གཡོན་མའི་སྐྱ་སྒྲིབ་མེད་པ་བཟོ་བའི་གཤག་བཅོས་ཞུས་ཡོད་པ་དང༌། སྨན་བཅོས་དེ་ཞུ་བར་དུས་ཡུན་ཕྱག་ཚོད་ཕྱེད་ཀ་མ་གཏོགས་འགོར་མེད་ཅིང། ཤག་བཅོས་དེ་གྲུབ་མཚམས་༸གོང་ས་མཆོག་སྨན་ཁང་ནང་ཞུགས་དགོས་བྱུང་མེད་པ་དང༌། ཁ་ས་བསྐྱར་དུ་སྨན་ཁང་ལ་བརྟག་དཔྱད་གནང་བར་ཆིབས་བསྒྱུར་གནང་ཡོད་སྐོར་འགྲེལ་བརྗོད་གནང་བཞག
༸གོང་ས་མཆོག་ཁ་ས་AIIMS སྨན་ཁང་དུ་ཉིན་རྒྱབ་ཕྱག་ཚོད་༤པ་ཙམ་ལ་ཆིབས་བསྒྱུར་བསྐྱངས་ནས་སྨན་ཁང་དུ་སྐར་མ་༤༥ཙམ་ཞུགས་གདན་འཇགས་ཡོད་སྐོར་སྨན་པ་ཏི་ཏི་ཡལ་གྱིས་འགྲེལ་བརྗོད་དང་འབྲེལ། ཁོང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐུགས་དགྱེས་འཚོར་ཆེན་པོ་བྱུང་གནང་ཡོད་པ་དང༌། རྟགས་དཔྱད་ཞུས་ཟིན་པའི་རྗེས་སྨན་པ་ཚོ་དང་ལྷན་དུ་དུས་ཡུན་རིང་པོ་བཀའ་མོལ་གནང་ཡོད་པ་དང༌། ཐུགས་རྗེ་ཆེ་གསུངས་གནང་མཛད་པ་དང་ཆབས་ཅིག AIIMS སྨན་ཁང་གི་ཞབས་ཞུའི་ལས་དོན་ཚགས་ཚུད་ཡོད་པར་བསྔགས་བརྗོད་གནང་སོང་ཅེས་འགྲེལ་བརྗོད་གནང་འདུག། ༸གོང་ས་མཆོག་ཕྱི་ཟླ་གསུམ་པའི་ནང་AIIMS སྨན་ཁང་ལ་བསྐྱར་དུ་ཐེངས་ཅིག་ཆིབས་བསྒྱུར་གནང་ཡག་ཡིན་པའི་གནས་ཚུལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎