༸གོང་ས་མཆོག་ནས་སྨན་ཁང་གསར་རྒྱག་ཆེད་ཞལ་འདེབས།

༧གོང་ས་མཆོག་གིས་༧མགོན་པོ་གང་ཉིད་ལ་ཕུལ་བའི་ཞལ་འདེབས་ཁག་རྒྱ་གར་གྱི་སྨན་ཁང་གསར་རྒྱག་ཆེད་གནང་སྐོར།

2011.02.06

༄༅༎བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་༧མགོན་པོ་གང་ཉིད་ལ་ཕུལ་བའི་ཞལ་འདེབས་ཁག་རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེའི་ནང་སྨན་ཁང་གསར་རྒྱ་ཆེད་གནང་སྐོར་ཁ་ས་ཨེ་ཀོ་ནོ་མིཀ་དུས་བབ་ཅེས་པའི་གསར་ཤོག་ནང་གནས་ཚུལ་སྤེལ་འདུག་  རྒྱ་གར་བྱང་ཕྱོཌ་ཧི་མ་ཅལ་མངའ་སྡེའི་གྲོང་ཁྱེར་མན་རྡིའི་ཡུལ་མི་དང་གནས་ཚུལ་མཁོ་སྒྲུབ་ཀྱི་ཐོབ་ཐང་དོན་གཉེར་བ་ལ་ལྦན་ཐ ཀུར་ཡིས་གཟའ་པ་སངས་ཉིན་གནས་ཚུལ་སྤེལ་དོན་ལྟར་ན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུཌ་སྒར་རྡ་རམ་ས་ལ་ནས་རྒྱང་ཐག་ཀི་ལོ་མི་ཀྲར་༤༠་སར་ཡོད་པའི་པ་ལམ་པུར་གྲོང་ཁྱེར་ནང་ཆེད་ལས་སྨན་པ་འདྲ་མིན་སློབ་གཉེར་གནང་ཡུལ་སྨན་པའི་གཙུག་ལག་སློབ་གྲ་ཆེན་མོ་དང་ཞིབ་འཇུག་སྡེ་ཚན་གསར་འཛུཌ་ཆེད་ཧིན་སྒོར་ས་ཡ་བཅུ་ཞལ་འདེབས་གནང་པ་མ་ཟད་ ༧གོང་ས་མཆོག་གིས་རྒྱ་གར་དང་ཕྱི་རྒྱལ་ཁག་ཏུ་ཡོད་པའི་རྗེས་ཇུག་པ་རྣམས་ལ་ཞལ་འདེབས་གནང་སྐྱོང་ཡོང་བའི་འབོད་སྐུལ་གནང་བ་ལྟར་ སྨན་ཁང་གསར་རྒྱག་ཆེད་གསར་འཛུཌ་གནང་བའི་ཐེབས་རྩ་བརྒྱུད་ནས་ཧིན་སྒོར་བྱེ་བ་གཅིག་དང་ཕྱེད་ཀ་ལྷག་ཞལ་འདེབས་གནང་ཡོད་པ་དང་ཐེབས་རྩ་དེའི་གཙོ་འཛིན་ནི་རྒྱ་གར་གྱི་སྲིད་དོན་ཚོཌ་པ་སྦ་རཏི་ཡ་ཇན་ཏ་ཚོཌ་གཞོན་དང་ཧི་མ་ཅལ་མངའ་སྡེ་སྤྱི་ཁྱབ་བློན་ཆེན་ཟུར་པ་ཤན་ཏ་ཀུ་མའར་མཆོག་ཡིན་འདུག་ གོང་ཞུས་གསར་འགོད་པ་ཐ་ཀུར་ཡིས་གནས་ཚུལ་མུ་མཐུད་ནས་སྤེལ་དོན་ལྟར་ན་༧གོང་ས་མཆོག་གིས་Vivekananda Medical and Research Trust ཞེས་སྨན་ཁང་དང་ཞིབ་འཇུག་ཐེབ་རྩ་ཁང་ལ་ཧིན་སྒོར་ས་ཡ་༥་ཐེངས་གཉིས་གནང་ཡོད་འདུག་  ༧གོང་ས་མཆོག་གིས་འབོད་སྐུལ་མཛད་པ་ལྟར་ཨ་མེ་རི་ཀའི་གྲོང་ཁྱེར་ནེའུ་ཡོག་ནང་གནས་བཞུཌ་མི་བཞིས་ཉི་མ་གཅིག་ལ་གོང་ཞུས་ཐེབས་རྩར་ཧིན་སྒོར་ས་ཡ་བཅུ་འམ་བྱེ་བ་གཅིག་ཞལ་འདེབས་ཕུལ་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎