༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་ཧུན་སུར་དུ་ཆིབས་བསྒྱུར།

༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་གཞིས་སུ་ཞབས་སོར་འཁོད་ཡོད་པ་རེད།

2011.12.05

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་གཞིས་སུ་ཞབས་སོར་འཁོད་ཡོད་པ་རེད་ ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་རྒྱུད་སྨད་གྲ་ཚང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་༸སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་ཉིན་རེས་གཟའ་ཉི་མ་ཉིན་གཞིས་ཆགས་དེར་ཞབས་སོར་བདེ་བར་འཁོད་ཡོད་པ་རེད་ ༸གོང་ས་མཆོག་དེ་གར་ཆིབས་བསྒྱུར་གནང་སྐབས་ཧུན་སུར་རབ་རྒྱས་གླིང་གི་འགོ་འཛིན་དང་ས་གནས་འཐུས་ཚོགས་ རྒྱུད་སྨད་གྲ་ཚང་གི་མཁན་པོ་དབུས་པའི་བླ་སྤྲུལ་རྣམས་དེ་བཞིན་སེར་སྐྱ་མི་མང་། སོག་པོ་གཙོ་བོར་གྱུར་བའི་ཕྱི་རྒྱལ་བའི་དད་ལྡན་ཁག་ཅིག་མ་ཟད་སྦེ་ལ་ཀོ་པི་གཞིས་ཆགས་སོགས་ནས་ཆེད་བཅར་ཞུས་པའི་དད་ལྡན་མི་མང་རྣམས་ཀྱིས་ལག་ཏུ་མཆོད་རྫས་སྣ་ཚོགས་ཐོགས་ཏེ་རུ་སྟར་སྒྲིགས་ནས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད་ དེ་ནས་༸གོང་ས་མཆོག་རྒྱུད་སྨད་གྲ་ཚང་གི་འདུ་ཁང་གི་སྒོ་འཕྱོར་འགྲམ་དུ་༸ཞབས་སོར་འཁོད་སྐབས་དགའ་ལྡན་ཁྲི་རིན་པོ་ཆེ་དབུས་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་དང་ལྷོ་ཕྱོགས་ཁུལ་གྱི་གདན་ས་ཁག་གི་མཁན་པོ་ལས་ཟུར་རྣམསཔ་། ལྷོ་ཕྱོགས་བོད་མིའི་ཁྲིམས་ཞིབ་པ་རྣམ་པ་། ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་རྣམ་པ་། ལྷོ་ཕྱོགས་བོད་མིའི་གཞིས་སྒར་ཁག་གི་འགོ་འཛིན་ལས་བྱེད་སོགས་ཀྱིས་ཕེབས་བསུ་དང་འབྲེལ་སྦེལ་ཀོབ་ལྷ་མོའི་ཚོགས་པས་བཀྲིས་ཞོལ་པ་འཁྲབ་སྟོན་དང་འབྲེལ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད་ དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་ཁྲིར་༸ཞབས་སོར་འཁོད་སྐབས་རྒྱུད་སྨད་གྲ་ཚང་གི་མཁན་པོ་མཆོག་དང་དབུ་མཛད་ལས་སྣེ་སོགས་ཀྱིས་རིམ་བཞིན་མནཌལ་རྟེན་གསུམ་འདེབས་འབུལ་ཞུས་མཚམས་མགོན་པོ་གང་ཉིད་ཀྱིས་བཀའ་སློབ་འཁྱུག་ཙམ་རིང་སྩལ་པའི་ནང་དགའ་ལྡན་ཁྲི་རིན་པོ་ཆེ་དབུས་ཤར་པ་ཆོས་རྗེ་དང་གདན་ས་ཁག་གི་མཁན་པོ་མང་དག་ཅིག་དེར་ཆེད་མངགས་ཕེབས་པར་ཐུགས་རྗེ་ཆེ་ཡོད་གསུང་གནང་བ་དང་ས་གནས་གཞིས་ཆགས་ཀྱི་གནས་སྟངས་སྐོར་བཀའ་རྩད་གནང་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎