༸གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཆིབས་བསྒྱུར་མཛད་རྒྱུ།

༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལྷོ་ཕྱོགས་སྦེང་ལོར་དང་མོན་གོཏ་ཁུལ་ཆིབས་བསྒྱུར་གནང་རྒྱུའི་མཛད་འཆར་ཡོད་འདུག

2011.01.27

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཛད་འཆར་གཞིར་བཟུང་ལྟར་ཟླ་བ་འདིའི་ཚེས་ ༣༠ཉིན་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་གྱི་ཉེ་འཁྲིས་སུ་ཆགས་པའི་ཅི་དར་དུར་ཁ་ཞེས་པའི་ས་གནས་སུ་ཆིབས་བསྒྱུར་གནང་ཏེ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་པོ་ཨེ་སེ་ ནི་ཇ་ལིང་ག་པ་དམ་པ་དེའི་རྗེས་དྲན་མཛད་སྒོ་ཞིག་ཏུ་ཚོགས་ཞུགས་གནང་རྒྱུ་ཡིན་འདུག

སྤྱི་ཁྱབ་བློན་ཆེན་དམ་པ་ནི་ཇ་ལིང་ག་པ་མཆོག་ནས་དེ་སྔ་བོད་མི་སྐྱབས་བཅོལ་དུ་འབྱོར་ནས་གཞིས་ཆགས་ཐོག་མར་འཛུགས་ཡུལ་ཀར་ན་ཊ་ཀའི་མངའ་སྡེའི་སྦེ་ལ་ཀོ་པི་དང་། ཀོ་ལི་གལ། ཧོན་སུར་བཅས་ཀྱི་ནང་བོད་མི་ཚོར་གཟིགས་སྐྱོང་དང་མཐུན་འགྱུར་ཧ་ཅང་ཡག་པོ་གནང་མཁན་ཞིག་ཡིན་པ་མ་ཟད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་འདྲིས་ཆེན་པོ་ཡོད་མཁན་ཞིག་ཀྱང་ཡིན་པ་རེད། མཛད་འཆར་གྲུབ་གནང་བའི་རྗེས་སུ་སྦེང་ལོར་གྲོང་ཁྱེར་ནང་གི་སན་ཇོ་སེབ་མཐོ་རིམ་སློབ་གཉེར་ཁང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་དགེ་སློབ་རྣམས་ལ་གསུང་བཤད་གནང་རྒྱུ་ཡིན་འདུག སྦེང་ལོར་གྲོང་ཁྱེར་གྱི་མཛད་འཆར་ཁག་གྲུབ་གནང་བའི་རྗེས་སུ་མོན་གོཏ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཆིབས་བསྒྱུར་གནང་ནས་སྒྲོལ་མའི་རྗེ་སྣང་དང་། འཇིག་བྱེད་བཀའ་དབང་སོགས་ཆོས་འབྲེལ་གནང་རྒྱུ་བཅས་ཕྱི་ཟླ་གཉིས་པའི་ཚེས་དྲུག་ཙམ་བར་མཛད་འཆར་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎