༧གོང་ས་མཆོག་དང་ཆོས་དཔོན་ཀྲུ་ཀྲུ་དྲ་ལམ་བརྒྱུད་མཇལ་འཕྲད།
2011.10.07
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ལྷོ་ཀ་ཕི་རི་ཀའི་ཆོས་དཔོན་ཌེ་སི་མེན་ཀྲུ་ཀྲུ་རྣམ་གཉིས་ཨིན་ཀྲར་དྲ་རྒྱའི་བརྒྱུད་ལམ་ནས་མཇལ་འཕྲད་གནང་རྒྱུ་ཡིན་པ་རེད་བཞག་
ལྷོ་ཨ་ཕི་རི་ཀའི་ཆོས་དཔོན་ཌེ་སི་མེན་ཀྲུ་ཀྲུ་མཆོག་གིས་འཁྲུངས་སྐར་དུས་ཆེན་དང་སྟབས་བསྟུན་གྱིས་སང་ཉིན་རེས་གཟའ་སྤེན་པའི་ཉིན་ཌེ་སི་མེན་ཀྲུ་ཀྲུ་མཆོག་གིས་ཞི་བདེའི་སྐོར་ལ་གསུངས་བཤད་ཅིག་གནང་རྒྱུ་ཡིན་པ་དེའི་ཐོག་བོད་ཀྱི་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཨིན་ཀྲར་དྲ་རྒྱའི་བརྒྱུད་ལམ་ཐོག་ནས་མཛད་སྒོ་དབུ་འབྱེད་གནང་གི་ཡོད་པ་རེད་བཞག དེ་ཡང་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ཀྱིས་གསུངས་ན་ ལྷོ་ཨ་ཕི་རི་ཀའི་ཆོས་དཔོན་ཌི་སི་མིན་ཀྲུ་ཀྲུ་མཆོག་གིས་ཇི་ལྟར་གསོལ་འདེབས་ཞུས་གནང་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་འཁུར་ཆེ་བཞེས་ཀྱིས་ཞལ་བཞེས་གནང་བ་ལྟར་རེས་གཟའ་སྤེན་པའི་ཉིན་ཌེ་སི་མིན་ཀྲུ་ཀྲུ་མཆོག་གི་འཁྲུངས་སྐར་དུས་ཆེན་དང་འབྲེལ་བའི་ཞི་བདེ་གསུངས་བཤད་གནང་རྒྱུའི་མཛད་སྒོ་དེ་དྲ་རྒྱའི་བརྒྱུད་ལམ་ནས་མཛད་སྒོ་དབུ་འབྱེད་གནང་རྒྱུའི་གྲ་སྒྲིག་གནང་བཞིན་ཡོད་ཅེས་དང་དེ་ག་ནང་བཞིན་༧གོང་ས་མཆོག་གིས་ཆོས་དཔོན་ཌི་སི་མིན་ཀྲུ་ཀྲུ་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲིའི་སྐྲིབ་ཐག་ཞིག་ཀྱང་འབུལ་གནང་ཡོད་པ་རེད་ཅེས་གསར་འགོད་པར་གསལ་སྟོན་གནང་འདུག