ཞི་བདེར་དམིགས་པའི་ཤེས་ཡོན་ལྷན་ཚོགས།

༧གོང་ས་མཆོག་ཞི་བདེར་དམིགས་པའི་ཤེས་ཡོན་གྱི་ལྷན་ཚོགས་ཞེས་པའི་ཐོག་སྐུ་མགྲོན་གཙོ་བོའི་གསུང་བཤད་བསྩལ་གནང་མཛད་རྒྱུ།

2011.02.03

༄༅༎རིང་མིན་ཨ་རིའི་ནིའུ་ཇར་སི་མངའ་སྡེའི་ནང་སྐོང་ཚོགས་བྱ་རྒྱུའི་ཞི་བདེར་དམིགས་པའི་ཤེས་ཡོན་གྱི་ལྷན་ཚོགས་ཞེས་པའི་ཐོག་བོད་མིའི་དབུ་འཁྲིད་༧སྤྱིི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་སྐུ་མགྲོན་གཙོ་བོའི་གསུང་བཤད་བསྩལ་གནང་མཛད་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག ཞི་བདེར་དམིགས་པའི་ཤེས་ཡོན་གྱི་ལྷན་ཚོགས་ཞེས་པ་དེ་ཕྱི་ཟླ་༥པའི་ཚེས་༡༣ནས་༡༥བར་ཨ་རིའི་ནིའུ་ཇར་སི་གྲོང་ཁྱེར་ཆེ་ཤོས་ནིའུ་ལྦཀ་ནང་ཚོགས་རྒྱུ་ཡིན་པ་རེད་ ཤེས་ཡོན་གྱི་ལྷན་ཚོགས་འདི་བཞིན་གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་ཀོ་རི་སྦུ་ཀར་དང་ནིའུ་ལྦཀ་འགྲེམས་སྟོན་ཁང་གི་འགན་འཛིན་མེའེ་རི་སུལྦི་ནི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་ནང་ཆོས་སློབ་དཔོན་རོའོ་སྦཏ་ཐར་མན་དང་བོད་ཀྱི་ཁང་པ་ དེ་བཞིན་ནིའུ་ཇར་སི་མངའ་སྡེའི་ནང་བཅའ་བཞུགས་གཏོང་ཕོད་ཅན་དྲུརུ་ཀཛ་བཅས་ཀྱི་ཟུང་སྦྲེལ་ཐོག་གོ་སྒྲིག་ཞུ་ཡི་ཡོད་པ་རེད་ ཞི་བདེར་དམིགས་པའི་ཤེས་ཡོན་གྱི་ལྷན་ཚོགས་དེ་བཞིན་འཛམ་གླིང་གི་ལོ་རྒྱུས་ནང་ཆེས་སྙན་གྲགས་ཆེ་བའི་ཞི་བདེ་དོན་གཉེར་བ་མ་ཧཏ་མ་གེན་རྡི་དང་ ཨ་རིའི་ནང་སྤྱི་མང་གི་རང་དབང་རྩོད་གླེང་གནང་མཁན་མའར་ཊིན་ལུ་ཐར་ཀིང་སོགས་ཀྱི་མཛད་རྗེས་ལས་ཀུན་སློང་བཞེས་ཡོད་པ་དང་ ཉིན་གསུམ་རིང་གི་ཤེས་ཡོན་གྱི་ལྷན་ཚོགས་སྐབས་ཞི་བདེའི་ལྟ་གྲུབ་དང་འཐབ་ཇུས་ཐོག་ནས་སྒེར་དང་སྤྱི་ཚོགས་དེ་བཞིན་རྒྱལ་ཁབ་ཀྱི་དཀའ་རྙོག་དང་དཀའ་ངལ་སེལ་ཐབས་སྐོར་གྲོས་བསྡུར་སྦྱང་བཤད་དང་བགྲོ་གླེང་གནང་རྒྱུ་ཡིན་པ་རེད་ ལྷན་ཚོགས་དེའི་ཐོག་ཞི་བདེར་དམིགས་པའི་ཤེས་ཡོན་གོང་འཕེལ་གཏོང་ཕྱོགས་སྐོར་བགྲོ་གླེང་དང་ཚོགས་ཆུང་སོ་སོར་དབྱེ་ནས་ཟབ་སྦྱོང་འབུལ་མཁན་ཁོངས་སུ་ནིའུ་ཇར་སི་མངའ་སྡེ་ཁུལ་ནས་སྤྱི་ཚོགས་ཞབས་ཞུའི་ཚོགས་པ་སྒྲིག་འཛུགས་དང་མཁས་དབང་ དེ་བཞིན་འགོ་འཁྲིད་ཙམ་མ་ཟད་རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོད་ནས་ཞི་བདེ་གོང་འཕེལ་གྱི་ལས་དོན་ལ་མཛད་རྗེས་ལྡན་པའི་མི་སྣ་ལྷན་བཅར་ཞུ་རྒྱུ་ཡིན་འདུག་ལ་ དེའི་ཐོག་བོད་མིའི་དབུ་འཁྲིད་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཤེས་ཡོན་དང་འབྲེལ་བའི་ཞི་བདེའི་ལྷན་ཚོགས་ཀྱི་སྙིང་དོན་གྱི་བཀའ་སློབ་གསུང་བཤད་བསྩལ་གནང་མཛད་རྒྱུ་ཡིན་པའི་སྐོར་གནས་ཚུལ་ནང་མཁོད་འདུག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎