རྒྱ་གར་གཞུང་མང་ལ་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ།

རྒྱ་གར་གཞུང་གིས་བོད་མི་རྣམས་ལ་རྒྱབ་སྐྱོར་མཐུན་རྐྱེན་བཀྲིན་ཆེན་པོ་གནང་བར་༸གོང་ས་མཆོག་གིས་བཀྲིན་རྗེས་དྲན་གནང་ཡོད་འདུག

2009.03.30

༄༅༎རྒྱ་གར་གཞུང་གིས་བོད་མི་རྣམས་ལ་ལོ་ངོ་ལྔ་བཅུའི་རིང་རྒྱལ་ཁབ་ནང་དུ་གནས་ཆོག་པའི་བཀའ་ཁྲོལ་དང་རྒྱབ་སྐྱོར་མཐུན་རྐྱེན་བཀྲིན་ཆེན་པོ་གནང་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀྲིན་རྗེས་དྲན་གནང་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་བཙན་བྱོལ་བོད་གཞུང་གི་གཙོ་སྐྱོང་གོ་སྒྲིག་ཐོག་ནས་རྒྱལ་སྤྱིའི་ལྟེ་གནས་ཁང་དུ་རྒྱ་གར་གཞུང་དམངས་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པའི་མཛད་རིམ་ཐོག་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞབས་སོར་འཁོད་གནང་ཡོད་ཅིང་༸གོང་ས་མཆོག་གི་གསུང་བཤད་ནང་འདས་པའི་ལོ་ངོ་ལྔ་བཅུའི་རིང་རྒྱ་གར་གཞུང་དང་མི་མང་རྣམས་ཀྱིས་རོགས་རམ་རྒྱབ་སྐྱོར་གནང་བར་ཤིན་ཏུ་བཀྲིན་ཆེན་པོ་ཡིན་པའི་སྐོར་བཀའ་གནང་འདུག ལྷག་དོན་དུ་རྒྱ་གར་གཞུང་གི་ངོས་ནས་བོད་མི་རྣམས་ཀྱི་ཆེད་དུ་གནང་ཐུབ་པ་གང་ཡོད་པ་ཆ་ཚང་གནང་བ་དེས་རྒྱ་གར་གྱི་རྒྱལ་ཁབ་འདི་བོད་མིའི་སྤྱི་ཚོགས་ལ་ཤིན་ཏུ་བཀྲིན་ཆེན་པོ་ཡིན་པའི་སྐོར་བཀའ་གནང་འདུག ལོ་ངོ་ལྔ་བཅུ་བཙན་བྱོལ་དུ་གནས་པའི་བོད་མིའི་སྐྱིད་སྡུག་དྲན་གསོ་དང་རྒྱ་གར་གཞུང་མང་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བ་འི་འགྲེམས་སྟོན་ནང་བོད་ཀྱི་ནང་ཆོས།ཤེས་རིག།རིག་གནས་སོགས་ཀྱི་མཚོན་དོན་གྱི་འགྲེམས་སྟོན་འདྲ་མིན་གོ་བསྒྲིག་གནང་ཡོད་པ་དང་དཔར་རིས་ཀྱི་འགྲེམས་སྟོན་གྱི་དབུ་འབྱེད་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནང་བའི་སྐབས་སུ་གསུང་བཤད་བཀའ་སློབ་ཕེབས་ཡོད་པ་རེད་འདུག

བཙན་བྱོལ་གྱི་བོད་མིའི་སྐྱིད་སྡུག་དྲན་གསོ་དང་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེའི་འགྲེམས་སྟོན་དེ་ཕྱི་ཟླ་གསུམ་པའི་ཚེས་ཉི་ཤུ་དྲུག་ནས་འགོ་བཙུགས་ཏེ་རེས་གཟའ་མིག་དམར་ཕྱི་ཚེས་སུམ་ཅུ་སོ་གཅིག་ཉིན་མཇུག་བསྒྲིལ་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་ཐོན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎