༸གོང་ས་མཆོག་ནས་ཕྱག་སྟོང་པདྨ་ལུགས་ཀྱི་བཀའ་དབང་སྩལ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་པདྨ་ལུགས་ཀྱི་བཀའ་དབང་སྩལ་གནང་མཛད་འདུག

2011.10.26

༄༅༎༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་པདྨ་ལུགས་ཀྱི་བཀའ་དབང་སྩལ་གནང་མཛད་འདུག
ཕྱི་ཟླ་བཅུ་པའི་ཚེས་༢༥ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དད་ལྡན་ཀོ་རི་ཡའི་ཆོས་ཞུ་བ་གཙོ་བོར་གྱུར་བའི་ཕྱི་ནང་ཆོས་ཞུ་བར་ཐུགས་རྗེ་ཆེན་པོ་པདྨ་ལུགས་ཀྱི་བཀའ་དབང་སྩལ་གནང་ཡོད་པའི་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་འཁོད་འདུག  
ཐོག་མར་མགོན་པོ་གང་ཉིད་མཆོག་གིས་བཀའ་དབང་མ་སྩལ་སྔོན་གསང་སྔགས་ཀྱི་ཐུགས་རྗེ་ཆེན་པོ་པདྨ་ལུགས་ཀྱི་བཀའ་དབང་ངོ་སྤྲོད་མཛད་དོན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གསོག་དགོས་ཅིང་།མདོར་ན་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་དེ་གཉིས་ཀྱང་ཐབས་ཤེས་དབྱེར་བ་མེད་པ་ཞིག་ཡོང་རྒྱུར་སྔགས་སྐབས་ནས་གསུངས་བ་དེ་རེད། དེ་རིང་སྐབས་སུ་བབས་པའི་གསང་སྔགས་ཀྱི་ཆོས་སྐོར་ཤོད་ཀྱི་ཡོད།གསང་སྔགས་ཀྱི་ཆོས་སྐོར་ཉན་སྒོམ་བྱས་པར་སྔོན་ལ་སྙིང་རྗེའི་དབང་གིས་རྒྱུད་སྨིན་པ་ཞིག་བྱེད་དགོས་ཀྱི་རེད། དེར་བརྟེན་དེ་རིང་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་དགེ་སློང་མ་པདྨ་ནས་ཉེ་བར་ཞི་བའི་བྱ་རྒྱུད་ པདྨ་ལུགས་ཀྱི་དབང་བྱ་རྒྱུ་ཡིན། ཞེས་ངོ་སྤྲོད་མཛད་རྗེས་དངོས་གཞིའི་བཀའ་དབང་སྩལ་ཏེ་ཕྱི་ཚེས་༢༣ཉིན་དབུ་འཛུགས་ཀྱིས་༢༥སྔ་དྲོ་བར་གདུལ་བྱ་གཙོ་བོ་ཀི་རི་ཡའི་ཆོས་ཞུ་བ་རྣམས་ལ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་ཆེན་མོ་ལས་ཞི་གནས་དང་ལྷག་མཐོང་གི་ཆོས་འབྲེལ་དེ་བཞིན་མཇུག་སྒྲིལ་མཛད་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎