༧གོང་ས་མཆོག་གིས་ཁེ་ན་ཌར་མི་མང་༣༠༠༠༠ལབཀའ་སློབ་སྩལ།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁེ་ན་ཌའི་མང་ཚོགས་ཁྲི་གསུམ་ལྷག་འདུ་འཛོམས་ཀྱི་ཐོག་བཀའ་སློབ་སྩལ་གནང་མཛད་ཡོད་པ་རེད་

2010.10.23

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཟའ་པ་སངས་ཉིན་ཁེ་ན་འི་གྲོང་ཁྱེར་ཀྲོ་རན་ཀྲོ་ནང་མང་ཚོགས་ཁྲི་གསུམ་ལྷག་འདུ་འཛོམས་ཀྱི་ཐོགའགྲོ་བ་མིའི་རིགས་འཛམ་གླིང་ཞི་བདེའི་ཐག་ཉེར་སླེབས་ཡོད་པ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་མཛད་ཡོད་པ་རེད་

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་བའི་ནང་ དུས་རབས་ཉི་ཤུའི་ནང་མི་གྲངས་ས་ཡ་ཉིས་བརྒྱ་ལྷག་ཙམ་དམག་འཁྲུག་དང་དྲག་གཅོད་ཀྱི་དོན་རྐྱེན་ནང་ཚེ་སྲོག་ཤོར་ཡོད་པ་དང་ དུས་རབས་ཉི་ཤུ་རྩ་གཅིག་གི་མི་ཐོག་དེས་ཞི་བདེ་དང་བདེ་སྐྱིད་སྐྲུན་ཐབས་ཀྱི་ཀུན་སྤྱོད་བཟང་པོ་ཞིག་ཡོང་རྒྱུར་འགན་ལེན་བྱ་རྒྱུ་དང་ འཛམ་གླིང་ནང་བྱམས་སྙིང་རྗེའི་ཀུན་སློང་ཞིག་སྐྲུན་ཐབས་བྱ་དགོས་པའི་བླངས་མདོར་གྱི་བཀའ་སློབ་སྩལ་ཡོད་ཅིང་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མུ་མཐུད་བཀའ་སྩལ་བའི་ང་ གོང་ས་མཆོག་ནས་འགྲོ་བ་མིའི་སྤྱི་ཚོགས་དེ་བཞིན་གཅིག་ལ་གཅིག་མཐུན་ཞིག་ཡིན་པའི་ཆ་ནས་མི་སྒེར་ཞིག་གི་མ་འོངས་གང་དྲ་ཡོང་མིན་དེ་སྤྱི་ཚོགས་ཁྱོན་ཡོངས་ཡར་རྒྱས་འགྲོ་མིན་ལ་ར་ལས་ཡོད་ཅིང་ མི་སྒེར་གྱི་མ་འོངས་དེ་བཞིན་རང་སྒེར་གཅིག་པོ་མིན་པར་སྤྱི་ཚོགས་ཁྱོན་ཡོངས་དང་འབྲེལ་བ་ཡོད་པ་དང་ མ་འོངས་ཀྱི་ཁེ་ན་ཌའི་ཡར་རྒྱས་དེ་ཡང་འཛམ་གླིང་ཡུལ་ཁག་གཞན་དང་འབྲེལ་བ་བྱ་རྒྱུ་དེ་ནི་མེད་དང་མི་རུང་བ་ཞིག་ཡིན་པ་བཀའ་སྩལ་གནང་མཛད་འདུག་ལ་ ཡང་༧གོང་ས་མཆོག་ནས་མི་རྣམས་ཀྱིས་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པའི་ནང་སྤོབས་པ་ཆེན་པོས་མཉམ་བཞུགས་བྱས་ཡོད་པ་དང་ ཡིན་ནའི་དེ་རྗེས་ལྦིཏ་ནམ་གྱི་དམག་འཁྲུག་སྐབས་ནས་དམག་འཁྲུག་དང་དྲག་པོའི་ཐབས་ལམ་ཐོག་ནས་གནད་དོན་ཐག་གཅོད་ཡོང་ཐབས་བྱ་རྒྱུ་དེར་བསམ་ཞིབ་བྱེད་དགོས་པའི་རྣམ་པ་མཐོན་ནས་རྗེས་སུ་ཀོ་སོ་ལྦོ་དང་ཨི་རག་གི་དམག་འཁྲུག་སྐབས་དམག་ལ་ངོ་རྒོལ་བྱེད་མཁན་གྱི་མི་རྗེ་མང་དུ་ཕྱིན་ཡོད་པར་དཔེ་མཚོན་དུ་འགྲེངས་གནང་ཏེ་ གནད་དོན་ཐག་གཅོད་ཡོང་རྒྱུར་དྲག་པོའི་དམག་འཐབ་ལས་ཞི་བའི་གྲོས་མོལ་གྱི་ཐབས་ལམ་འཛིན་དགོས་རྒྱུ་དེ་གལ་འགངས་ཆེན་བ་དང་ ག་དུས་ཡིན་ཡང་དཀའ་གནད་བྱུང་ཚེ་ཞི་བའི་གྲོས་མོལ་གྱི་ཐབས་ལམ་ནས་སེལ་ཐབས་བྱ་དགོས་པའི་སྐོར་བཀའ་སྩལ་གནང་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎