བོད་ནང་གི་གནས་སྟངས་ལ་རྟོགས་ཞིབ་དགོས་པའི་འབོད་སྐུལ།

བོད་ནང་གི་གནས་སྟངས་ཛ་དྲག་ཇི་ལྟར་ཡོད་མེད་ཀྱི་བོད་ཀྱི་ས་ཐོག་ཏུ་རྟོགས་ཞིབ་གནང་བར་ཕེབས་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།

2010.01.10

༄༅༎རྒྱ་གར་གྱི་ནང་པའི་གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཞུ་བར་བཅར་བའི་དད་ལྡན་བ་སྟོང་ཕྲག་མང་པོ་འདུ་འཛོམས་ཐོག་ལ། བོད་ནང་གི་གནས་སྟངས་ཛ་དྲག་ཇི་ལྟར་ཡོད་མེད་ཀྱི་བོད་ཀྱི་ས་ཐོག་ཏུ་རྟོགས་ཞིབ་གནང་བར་ཕེབས་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད། དེ་ཡང་རེས་གཟའ་སྤེན་པའི་ཉིན་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས།བདག་བཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྐུ་མངོན་པ་རྫོགས་པ་སངས་རྒྱས་ཡུལ་གྱི་གནས་མཆོག་རྡོ་རྗེ་གདན་དུ་ཕྱི་རྒྱལ་མི་རིགས་བརྒྱ་ཕྲག་འགའ་ཤས་གཙོས་པའི་དད་ལྡན་ཆོས་ཞུ་བ་ཚོར། འཛམ་གླིང་གི་མི་དམངས་ཚོས་བོད་དེ་བཞིན་རྒྱ་ནག་གཞུང་གིས་དྲག་པོའི་བཙན་འཛུལ་བྱས་པ་དེའི་འོག་ཏུ་བོད་ནང་གི་བོད་མི་རྣམས་དཀའ་སྡུག་ཇི་ཙམ་མྱོང་བཞིན་ཡོད་པའི་དངོས་ཡོད་གནས་སྟངས་མཁྱེན་རྟོགས་ཡོང་སླད་དུ་དངོས་སུ་བོད་ནང་དུ་ཕེབས་དགོས་པའི་སྐུལ་མ་ཞུ་ཡི་ཡོད་ཅེས་དང།  དམིགས་བསལ་བོད་མི་ཚོས་ན་ནིང་ཕྱི་ལོ་༢༠༠༨ལོའི་ཕྱི་ཟླ་གསུམ་པའི་ཚེས་༡༠ཉིན་རྒྱ་ནག་གཞུང་གིས་ད་བར་བོད་དུ་འཛིན་པའི་སྲིད་ཇུས་ལ་བཟོད་སྒོམ་མ་ཐུབ་པར་ཞི་བའི་རྔམ་སྟོན་ངོ་རྒོལ་བྱས་པའི་རྗེས་བོད་ཆོལ་ཁ་གསུམ་ནང་རིམ་པས་ཞི་བའི་རྔམ་སྟོན་གྱི་ལས་འགུལ་སྤེལ་བའི་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ཏེ་བོད་ནང་གི་གནས་སྟངས་སྔར་བས་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང། བོད་མི་རྣམས་ཀྱང་རྒྱ་ནག་གི་དྲག་པོའི་ཁྲིམས་ལུགས་དེའི་འོག་ལ་དཀའ་སྡུག་ཚད་མེད་མྱོང་བཞིན་པའི་སྐོར་གསུང་ཡོད་པ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཟླ་བ་འདིའི་ཕྱི་ཚེས་༥ནས་ཉིན་གྲངས་ལྔའི་རིང་གསུང་ཆོས་བཀའ་དྲིན་སྩལ་གནང་ཡོད་པ་དང། ཕྱི་ཚེས་༩ཉིན་གསུང་ཆོས་ཀྱི་ཉིན་མཐའ་མ་ཡིན་ཞིང། སྐབས་དེར་གསུང་ཆོས་ཞུ་བར་ཕྱི་རྒྱལ་གྱི་རྒྱལ་ཁབ་ཨོ་སི་ཀྲོ་ལི་ཡ་དང། ཨ་ཕེ་རི་ཀའི་ཡུལ་གྲུ། ཡོ་རོབ་ཡུལ་གྲུ་ཁག་སོགས་ནས་མི་དམངས་བཞི་སྟོང་ལྷག་བཅར་ཡོད་པ་དང། དེ་བཞིན་རྒྱ་ནག་སྐམ་ས་ཆེན་པོ་དང། ཐའེ་ལྦན། རྒྱ་གར་དང། ཧི་མ་ལ་ཡའི་རི་རྒྱུད་སོགས་ནས་ཁྱོན་མི་དམངས་ཁྲི་གསུམ་ལྷག་གསུང་ཆོས་སུ་བཅར་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎