༸གོང་ས་མཆོག་ནས་བོད་མི་ན་གཞོན་ལ་བཀའ་སློབ།

བོད་ཀྱི་ན་གཞོན་ཚོར་སྲོལ་རྒྱུན་གྱི་ཤེས་ཡོན་དང་ཚན་རིག་དང་དབྱིན་ཇིའི་སྐད་ཡིག་ཐོག་ལ་གཞི་བཅོལ་བའི་དེང་དུས་ཀྱི་ཤེས་ཡོན་སྦྱོང་དགོས།

2010.12.29

༄༅༎བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཚེས་༢༦ཉིན་དེང་དུས་བོད་ཀྱི་ན་གཞོན་༥༠༠ ཙམ་ལ་མ་ནོར་ལམ་སྟོན་བཀའ་སློབ་སྩལ་གནང་མཛད་སྐབས་བོད་ཀྱི་སྲོལ་རྒྱུན་གྱི་ཤེས་ཡོན་དང་ཚན་རིག་དང་ དབྱིན་ཇིའི་སྐད་ཡིག་ཐོག་ལ་གཞི་བཅོལ་བའི་དེང་དུས་ཀྱི་ཤེས་ཡོན་གཉིས་ཟུང་དུ་སྦྲེལ་ཏེ་ མདོར་ན་གཤོག་པ་གཉིས་ལྡན་ཅན་ཞེ་གཅིག་ཆགས་ཐབས་བྱེད་དགོས་ཞེས་བཀའ་གནང་ཡོད་པ་རེད་

༸གོང་ས་མཆོག་གིས་སློབ་ཕྲུག་ཚོས་ཤེས་ཡོན་གྱི་བརྒྱུད་ནས་ལུས་སེམས་ཀྱི་རྣམ་དཔྱོད་འཕེལ་རྒྱས་གཏོང་བ་དང་དུས་མཉམ་དུ་ཡ་རབས་བཟང་སྤྱོད་སོགས་རིན་ཐང་དེ་དག་རང་རྒྱུད་ལ་འཇགས་ཐབས་བྱེད་དགོས་པའང་གནད་འགག་ཤིན་ཏུ་ཆེན་པོ་རེད་ཅེས་ནན་བརྗོད་གནང་ཡོད་པ་རེད་ མིའི་རིན་ཐང་དང་ཡ་རབས་ བཟང་སྤྱོད་སོགས་ཀྱི་ཤེས་ཡོན་སྦྱང་བརྩོན་བྱེད་སའི་ཡུལ་གཙོ་བོ་་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཏན་ལ་ཕབ་པའི་ནང་ཆོས་ནང་ལ་སྦྱོང་རྒྱུ་ཡོད་པས་མ་ཟད་ ནང་ཆོས་ཀྱི་ཤེས་ཡོན་ཡང་བོད་ཀྱི་སྐད་ཡིག་ནང་ལ་སྦྱོང་བརྡར་བྱེད་རྒྱུའི་མཐུན་རྐྱེན་འཛོམས་པོ་ཡོག་རེད་ཅེས་ལམ་སྟོན་གནང་ཡོད་ ༸གོང་ས་མཆོག་གིས་སྩལ་བའི་བཀའ་སློབ་ཀྱི་སྙིང་དོན་ནི་ བོད་ཀྱི་གཞོན་ནུ་ཚོས་སྲོལ་རྒྱུན་དང་དེང་དུས་ཀྱི་ཤེས་ཡོན་གཉིས་ཀའི་ཐོག་ལ་སྦྱང་བརྩོན་ཧུར་བསྐྱེད་བྱས་ཏེ་མཐར་གཤོག་པ་གཉིས་ལྡན་ཅན་གྱི་བྱ་ནང་བཞིན་ཆགས་ཐབས་བྱེད་དགོས་ ཡིན་ནའང་སྲོལ་རྒྱུན་དང་དེང་དུས་ཀྱི་ཤེས་ཡོན་ཁོ་ནས་མི་ལ་བདེ་སྐྱིད་སྤྲོད་ཐུབ་ཀྱི་མེད་སྟབས་ ཡ་རབས་བཟང་སྤྱོད་དང་ བྱམས་དང་སྙིང་རྗེ་སོགས་རིན་ཐང་སྐོར་ཡང་སྦྱོང་དགོས་ལ་ལས་རྒྱུ་འབྲས་ཀྱི་རྣམ་གཞག་སོགས་ཀྱི་ཤེས་དགོས་པ་རེད་སོགས་བཀའ་སློབ་གཏིང་ཟབ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎