བོད་ནང་བསྐྱར་དུ་ཟིང་འཁྲུག་ལང་རྒྱུའི་ཉེན་ཁ།

༸གོང་ས་མཆོག་གིས་བོད་མིའི་རང་དབང་སྒེར་ལངས་ལོ་ལྔ་བཅུ་འཁོར་བའི་སྔ་ནུབ་ཏུ་བོད་ནང་བསྐྱར་དུ་ཟིང་འཁྲུག་ལང་རྒྱུའི་ཉེན་ཁའི་ཉེན་བརྡ།

2009.02.11

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོ་བོད་མིའི་རང་དབང་སྒེར་ལངས་ལོ་ལྔ་བཅུ་འཁོར་བའི་སྔ་ནུབ་ཏུ་བོད་ནང་བསྐྱར་དུ་ཟིང་འཁྲུག་ལང་རྒྱུའི་ཉེན་ཁ་ཡོད་པའི་སྐོར་ཉེན་བརྡ་བཏང་གནང་འདུག

རེས་གཟའ་ལྷག་པའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཇར་མ་ནིའི་གྲོང་ཁྱེར་སྦ་ཌེན་སྦ་ཌེན་ཞེས་པའི་གསར་འགོད་པ་ཁག་ཅིག་དང་མཇལ་འཕྲད་གནང་སྐབས་དེང་སང་བོད་ཀྱི་གནས་སྟངས་དངངས་འཚབ་ཆེན་པོའི་ངང་གནས་ཡོད་པས་གློ་བུར་དུ་དྲག་ལས་སྤེལ་རྒྱུའི་ཉེན་ཁ་ཡོད་ལུགས་གསུངས་གནང་བ་དང་སྦྲགས་ད་ཆ་བོད་ཀྱི་གནས་སྟངས་དངངས་འཚབ་ཧ་ཅང་ཆེན་པོ་ཡོད་པའི་རྣམ་པར་རྒྱ་མིའི་དམག་མི་ཚོས་མེ་མདའ་རྒྱབ་ཆོག་ཆོག་བྱས་ནས་བསྡད་ཡོད་ལུགས་འགྲེལ་བརྗོད་གནང་འདུག ཡང་༸གོང་ས་མཆོག་གིས་རྒྱ་མིའི་བོད་ནང་དམག་མི་བཀྲམ་ཡོད་པ་ཙམ་གྱི་གནས་སྟངས་དངངས་འཚབ་ཀྱི་རང་བཞིན་ཆགས་ཡོད་ལུགས་བཀའ་བསྩལ་གནང་འདུག རྒྱ་མིས་བོད་མི་འཛིན་བཟུང་བྱེད་སྐབས་མི་མང་གི་ཁྲོད་དུ་སྲོག་ཐོག་གཏོང་རྒྱུ་ཁག་པོ་ཆགས་ཡོད་ཀྱང་བཙོན་འཇུག་གིས་གདུག་རྩུབ་མནར་གཅོད་དང་སྐབས་རེ་སྲོག་ཐོག་ཀྱང་གཏོང་གི་ཡོད་སྐོར་གསུངས་གནང་འདུག སྔ་ལོ་ཕྱི་ཟླ་གསུམ་པའི་ཚེས་བཅུ་བཞི་ནས་བཟུང་བོད་མི་ཚོས་རྒྱ་ནག་གི་དྲག་གནོན་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་སྐབས་བོད་མི་ཉིས་བརྒྱ་ལྷག་གི་ཚེ་སྲོག་ཤོར་ཡོད་པ་མ་ཟད་ཆིག་སྟོང་ཙམ་རྨས་ཡོད་ལུགས་བཙན་བྱོལ་བོད་གཞུང་གིས་འགྲེལ་བརྗོད་གནང་བར་རྒྱ་ནག་གཞུང་གིས་ངོས་ལེན་རྩ་བ་ནས་བྱས་མེད་ཀྱང་ད་ཆ་བོད་མི་བདུན་ཅུ་དོན་དྲུག་བཙོན་འཇུག་བྱས་ཡོད་པ་ངོས་ལེན་བྱེད་ཀྱི་ཡོད་འདུག

ཡང་༸གོང་ས་མཆོག་གིས་གོང་ཞུས་གསར་འགོད་པ་ཚོར་བོད་ནས་༸གོང་ས་མཆོག་མཇལ་བར་ཡོང་མཁན་བོད་མི་ཚོ་ནས་བོད་ཀྱི་གནས་ཚུལ་ངོ་མ་ཇི་ཡིན་མཁྱེན་གྱི་ཡོད་པ་དང་ད་ཆ་བོད་མི་རྣམས་འུ་ཐུག་ཡོད་པ་དང་རྒྱ་ནག་གིས་བོད་མིའི་ངོ་བོ་རྩ་མེད་དུ་གཏང་རྒྱུའི་ཡ་ང་རྙིང་རྗེ་མེད་པའི་སྲིད་བྱུས་འཛིན་ནས་ཉེ་བའི་དུས་བོད་མི་ངོ་བོ་མཚོན་ཐུབ་པའི་སྒེར་གྱི་སློབ་གྲྭ་ཡང་སྒོ་རྒྱབ་བཅུག་ཡོད་ལུགས་གསུངས་གནང་འདུག བོད་ཀྱི་རིག་གཞུང་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ནི་ད་ཆ་འཛམ་གླིང་ཁྱོན་ཡོངས་སུ་དོ་སྣང་སླེབས་ཡོད་པས་རྒྱ་ནག་གཞུང་གིས་བོད་རྒྱའི་དཀའ་རྙོག་གཉིས་མོས་ཐོག་ནས་སེལ་མ་ཐུབ་ཕྱིན་ཆད་བོད་ཀྱི་རྩ་དོན་རྩ་མེད་འགྲོ་གི་མ་རེད་ཅེས་གསུངས་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎