བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད་པའི་སྐོར།

༸གོང་ས་མཆོག་གིས་བོད་ནང་གི་གནས་སྟངས་པེ་ཅིང་རྩེད་འགྲན་རྗེས་བཟང་ཕྱོགས་ཀྱི་འགྱུར་ལྡོག་གང་ཡང་ཕྱིན་མེད་པའི་སྐོར་བཀའ་གནང་འདུག

2008.12.08

༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནང་གི་གནས་སྟངས་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་རྗེས་བཟང་ཕྱོགས་ཀྱི་འགྱུར་ལྡོག་གང་ཡང་ཕྱིན་མེད་པའི་སྐོར་བཀའ་གནང་ཡོད་པ་རེད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་པོའོ་ལེནདྲ་ཡུལ་ནང་ཡུལ་དེའི་སྲིད་འཛིན་ཟུར་པ་ལེཁ་ལྦ་ལེ་ས་མཆོག་གིས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་ནས་ལོ་ངོ་ཉི་ཤུ་རྩ་ལྔ་འཁོར་བའི་དུས་དྲན་གྱི་རྟེན་འབྲེལ་མཛད་སྒོར་གདན་ཞུ་གནང་བ་བཞིན་ཆིབས་བསྒྱུར་གནང་སྟེ་དེང་སྐབས་པོའོ་ལེནདྲ་ཡུལ་ནང་མཛད་འཕྲིན་ཁག་བསྐྱངས་དང་སྐྱོང་བཞིན་ཡིན་པ་དང་གཟའ་ཟླ་བ་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་པོའོ་ལེན་དྲིའི་གྲོང་ཁྱེར་ཀ་ར་ཀོ་ནང་གནས་པའི་ཇེ་གི་ལོ་ནི་ཡན་མཐོ་སློབ་ཁང་དུ་མཐོ་སློབ་ཁང་དེས་༸གོང་ས་མཆོག་ལ་མཁས་དབང་གི་མཚན་གནས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་བཀའ་སློབ་གནང་པའི་སྐབས་བཀའ་གནང་དོན་ལ་བོད་ནང་ད་ལོ་ཕྱི་ཟླ་གསུམ་པའི་ནང་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་ལས་འགུལ་སྤེལ་བའི་རྗེས་བོད་མི་ཚོའི་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ནས་བོད་མི་ཚོར་སྡུག་བསྔལ་ཚད་མེད་བཟོས་ཡོད་པ་དེ་ད་དུང་ཡང་མཇུག་སྒྲིལ་བྱས་མེད་པར་བོད་ནང་མུ་མཐུད་ནས་བོད་མི་འཛིན་བཟུང་བྱེད་བཞིན་ཡོད་པ་བཀའ་གནང་འདུག ད་ལོ་ཕྱི་ཟླ་གསུམ་པའི་ནང་བོད་ས་ཡོངས་སུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་དེའི་ཐོག་རྒྱ་ནག་གཞུང་ཕྱོགས་ནས་དྲག་གནོན་བྱས་ཏེ་བཙན་བྱོལ་བོད་གཞུང་གིས་གྲངས་འབོར་ཕྱིར་བསྒྲགས་བྱས་པ་ལྟར་ན་དོན་རྐྱེན་དེའི་འོག་བོད་མི་ཉུང་ཐར་ཉིས་བརྒྱ་གསུམ་ཙམ་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་མི་གྲངས་སྟོང་ཕྲག་ཁ་ཤས་འཛིན་བཟུང་བྱས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎