༸གོང་ས་མཆོག་ནས་རྒྱ་ནག་གི་ཆབ་སྲིད་དྲིལ་བསྒྲཌ་ལ་ཐུཌ་ཕམ།
2008.05.26
༄༅༎རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དྲིལ་བསྒྲགས་བཞིན་ རྒྱ་ནག་ནང་རྒྱ་རིགས་མང་ཚོགས་ཀྱིས་ ༸གོང་ས་མཆོག་ལ་མགོ་ལ་རྭ་སྐྱེས་ཡོད་པའི་དུད་ཅིག་ཡིན་པ་ངོས་འཛིན་བྱ་ཡི་ཡོད་ཚེ་ དེར་༸གོང་ས་མཆོག་ལ་ཐུགས་ཕམ་ཆེན་པོ་ཡོད་སྐོར་ བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ དེ་རིང་དབྱིན་ཡུལ་གྱི་གྲོང་ཁྱེར་ ནོ་ཀྲིང་ཧེམ་ནང་གསུང་ཆོས་གནང་བའི་སྐབས་སུ་བཀའ་གནང་ཡོད་པ་རེད་
༸སྤྱི་ནོར་༸གོང་ས་མཆོག་གིས་བཀའ་སློབ་ནང་ རྒྱ་ནག་ནང་ཉེས་མེད་མི་དམངས་ས་ཡ་མང་པོར་རྒྱ་ནག་གཞུང་གིས་དྲིལ་བསྒྲགས་བྱེད་པའི་གནས་ཚུལ་ལས་དངོས་ཡོད་གནས་ཚུལ་ཤེས་རྒྱུའི་ཐབས་ལམ་གཞན་གང་ཡང་མེད་པ་དང་ གལ་ཏེ་རྒྱ་ནག་གཞུང་གིས་དྲིལ་བསྒྲགས་ལྟར་ མི་མང་ས་ཡ་མང་པོས་༸གོང་ས་མཆོག་དུད་རྒན་ཞིག་ཡིན་པ་ཡིད་ཆེས་བྱེད་ཀྱི་ཡོད་ཚེ་ དེར་རང་བཞིན་གྱི་ཅི་བྱ་ཉམས་པའི་སེམས་སྡུག་ཡོད་ཅེས་དང་ ཡིན་ནའི་དེར་བྱ་ཐབས་གང་ཡང་མེད་པ་ཞིག་རེད་ཅེས་བཀའ་གནང་ཡོད་པ་རེད་
ཡང་༸སྤྱི་ནོར་༸གོང་ས་མཆོག་གིས་ རྒྱ་ནག་གཞུང་གིས་དགོངས་པར་ དྲག་ཤུགས་ཀྱི་ཐོག་ནས་དྲང་བདེན་གྱི་གནད་ལུགས་ཆ་ཚང་མེད་པ་བཟོ་ཐུབ་རྒྱུ་ཡོད་པ་དགོངས་ཀྱི་ཡོད་ཀྱང་ དྲག་ཤུགས་ཀྱིས་བདེན་པ་རྩ་མེད་བཟོ་ཐུབ་རྒྱུའི་ཚབ་ བདེན་པ་དེ་བས་ཤུགས་ཆེ་རུ་གཏོང་གི་རེད་ཅེས་བཀའ་གནང་ཡོད་པ་རེད་ བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་མཆོག་ནས་ཟླ་བ་དེའི་ཕྱི་ཚེས་ ༢༠ ནས་དབུ་བཙུགས་ དབྱིན་ཡུལ་ནང་ཉིན་གྲངས་བཅིུས་ཀྱིས་ཆོས་སྲིད་ཀྱི་མཛད་འཆར་རིམ་པ་ཁག་ཅིག་བསྐྱངས་དང་སྐྱོང་བཞིན་ཡོད་པ་རེད་