བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ལྗོངས་རྩོད་ཀྱི་ཡོད་པའི་ནན་བརྗོད་གནང་བ།
2008.04.23
༄༅༎༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་ ཀོལ་གེཊེ་ གཙུག་ལག་སློབ་གྲྭ་ཆེན་མོར་མི་འབོར་ཁྲི་ལྔ་ཙམ་འདུ་འཛོམས་ཐོག་མིའི་བདེ་སྐྱིད་ཀྱི་རྩ་བ་ནང་སེམས་ཀྱི་བདེ་བ་དང་བྱམས་དང་སྙིང་རྗེར་རག་ལུས་ཀྱི་ཡོད་སྐོར་སོགས་ཀྱི་སྐོར་གསུང་བཤད་གནང་སྐབས་བར་ལམ་བོད་ཀྱི་དོན་རྐྱེན་སྐོར་གླེང་སློང་གནང་མི་འདུག་ཀྱང་གསུང་བཤད་གྲུབ་རྗེས་འདྲི་བ་འདྲི་ལེན་གྱི་དུས་ཚོད་སྐབས་ད་ལམ་བོད་ནང་གི་གནས་ཚུལ་བཀའ་ལན་གནང་འདུག
༧གོང་ས་མཆོག་གིས་རྒྱ་ནག་གཞུང་གིས་ང་ཚོས་ཁ་བྲལ་གྱི་ལས་འགུལ་སྤེལ་གྱི་ཡོད་ལུགས་སྐྱོན་བརྗོད་བྱེད་མིན་ལ་མི་ལྟོས་པར་ ང་ཚོས་རྒྱྲ་ནག་དང་ཁ་བྲལ་གྱི་ལས་འགུལ་སྤེལ་གྱི་མེད་པ་འཛམ་གླིང་ཀུན་གྱི་མཁྱེན་གསལ་རེད་ ང་ཚོས་རྒྱ་ནག་གི་རྩ་ཁྲིམས་འོག་མིང་དོན་མཚུངས་པའི་རང་སྐྱོང་ལྗོངས་རྩོད་ཀྱི་ཡོད་ཅེས་གསུངས་གནང་འདུག ༧གོང་ས་མཆོག་ཨ་རིའི་ས་ཁུལ་གཞན་དུ་ད་བར་བོད་ཀྱི་དོན་རྐྱེན་སྐོར་ཞིབ་ཕྲ་གསུངས་ཡོད་རེད་ དཔེར་ན་སི་ཡ་ཊལ་ནང་༸གོང་ས་མཆོག་གིས་ད་ཆ་བོད་མིས་དེ་སྔ་ལས་ལྷག་པའི་གུ་བཤངས་གནང་ཡ་མེད་པ་དང་ རྒྱ་ནག་གིས་བོད་ནང་གདུག་རྩུབ་དྲག་གནོན་མཚམས་འཇོག་དགོས་པ་དང་དམག་མི་ཕྱིར་འཐེན་དགོས་ལུགས་གསུངས་སྐོར་ལུང་འདྲེན་བྱས་འདུག དེའི་དབར་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱིས་ཨ་རིའི་བོད་དོན་འབྲེལ་མཐུད་སྐུ་ཚབ་ པོའུ་ལ་ ཌོབ་རེན་སི་ཀིས་ ༧གོང་ས་མཆོག་མཇལ་འཕྲད་གནང་བ་དེ་རྒྱ་ནག་གི་ནང་སྲིད་ཐེ་བྱུས་རེད་ཅེས་སྐྱོན་བརྗོད་གནང་འདུག༎