༸གོང་ས་མཆོག་ནས་ཁོར་ཡུག་སྲུང་སྐྱོབ་ལས་ལ་བསྔགས་བརྗོད།

༸གོང་ས་མཆོག་གིས་བོད་ཀྱི་བླ་སྤྲུལ་ཁག་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ལ་རྗེས་སུ་ཡི་རངས་ཀྱི་བསྔགས་བརྗོད་ཞུས་གནང་ཡོད་པ་རེད།

2010.01.07

༸གོང་ས་མཆོག་གིས་བོད་ཀྱི་བླ་སྤྲུལ་ཁག་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ལ་རྗེས་སུ་ཡི་རངས་ཀྱི་བསྔགས་བརྗོད་ཞུས་གནང་ཡོད་པ་རེད།

༄༅༎བོད་ཀྱི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཉིན་གསུམ་པའི་གསུང་ཆོས་ཀྱི་སྐབས་རྒྱལ་བ་ཀརྨ་པ་དབུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དབུས་པའི་བོད་ཀྱི་བླ་སྤྲུལ་ཁག་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ལ་རྗེས་སུ་ཡི་རངས་ཀྱི་བསྔགས་བརྗོད་ཞུས་གནང་ཡོད་པ་རེད།

རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་དང་གཅེས་འཛིན་བྱ་གལ་ཆེ་བའི་སྐོར་རྒྱལ་བ་ཀརྨ་པ་མཆོག་གིས་མང་ཚོགས་ཁྲོད་ལམ་སྟོན་དང་དྲན་སྐུལ་གྱི་བཀའ་སློབ་སྔ་རྗེས་ལན་མང་ཕེབས་ཡོད་པ་མ་ཟད་ལྷག་པར་དུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རང་བྱུང་ཁོར་ཡུག་གཅེས་འཛིན་དང་སྲུང་སྐྱོབ་བྱ་ཕྱོགས་ཀྱི་གོ་རྟོགས་འཕེལ་ཐབས་སླད་ཁོར་ཡུག་གོ་རྟོགས་ཀྱི་དྲ་རྒྱ་ཞིག་ཀྱང་གསར་བསྐྲུན་གནང་ཡོད་པ་རེད། དྲ་རྒྱ་དེའི་ཐོག་ནགས་ཚལ་དང་ཆུ་བོ་སྲུང་སྐྱོབ་བྱ་ཕྱོགས་ རི་དྭགས་སྲུང་སྐྱོབ་བྱ་ཕྱོགས་དང་དེ་བཞིན་གནམ་གཤིས་འགྱུར་ལྡོག་ལ་བསྟུན་མཁས་ཀྱི་ལས་དོན་གྲུབ་ཕྱོགས་དང་ཕྱོགས་མཚུངས་རྒྱུན་ལྡན་གྱི་བྱ་གཞག་ནང་བག་མེད་ལོངས་སྤྱོད་མ་ཡིན་པར་བཟའ་བཅའ་དང་དངོས་ཟོགགི་སྙིགས་རོ་སོགས་ཆུས་ཟོས་སུ་མི་འགྲོ་བའི་སླད་བེད་སྤྱོད་བསྐྱར་དུ་བྱ་རྒྱུའི་བཏང་འཛིན་བྱ་ཕྱོགས་བཅས་རང་བྱུང་ཁོར་ཡུག་ལ་བདག་གཅེས་དང་སྲུང་སྐྱོབ་སྐོར་གོ་རྟོགས་ཀྱི་གནས་ཚུལ་གཟིགས་རྒྱུ་ཡོད་པ་རེད། ད་རེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཉིན་གསུམ་པའི་གསུང་ཆོས་སྐབས་ཉེ་ལམ་རྒྱལ་བ་ཀརྨ་པ་མཆོག་དང་གཞན་རྒྱ་བལ་འབྲུག་གསུམ་ནང་རྟེན་གཞི་བྱས་པའི་བཀའ་རྒྱུད་ཀྱི་དགོན་སྡེ་ཁག་༣༦གི་ཁོར་ཡུག་འབྲེལ་མཐུད་ཚོགས་པ་ཞེས་པ་བརྒྱུད་ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་འགོ་འཛུགས་གནང་པ་དེར་རྗེས་སུ་ཡི་རང་གི་བསྔགས་བརྗོད་གནང་ཡོད་པ་རེད། དེ་ཡང་༸གོང་ས་མཆོག་གིས་འཁོར་ཡུག་དང་འབྲེལ་བའི་བཀའ་སློབ་ཕེབས་དོན་དུ་འཛམ་གླིང་ཚ་དྲོད་ཆེ་རུ་འགྲོ་བཞིན་པའི་རྐྱེན་གྱིས་བོད་དང་ཧི་མ་ལ་ཡའི་རི་རྒྱུད་དང་ལྷག་པར་དུ་བོད་ཀྱི་འཁྱགས་རོམ་དེ་དག་མྱུར་ཚད་མགྱོགས་པོའི་ཐོག་ནས་བཞུར་འགྲོ་བཞིན་པའི་རྐྱེན་གྱིས་གལ་སྲིད་ཁོར་ཡུག་ལ་གཅེས་འཛིན་དང་སྲུང་སྐྱོབ་མ་བྱུང་ཚེ་གནད་དོན་དེ་དག་ལ་རྐྱེན་པས་ཆུ་ལོག་ཆེན་པོ་ཡོང་རྒྱུ་དང་རིམ་པས་ཆུ་སྐམ་སང་དུ་འགྲོ་ཉེན་སོང་ཧི་མ་ལ་ཡའི་རི་རྒྱུད་དང་བོད་ཀྱི་མཐོ་སྒང་ཁོར་ཡུག་ལ་དམིགས་བསལ་གྱི་དོ་སྣང་བྱ་གལ་ཆེ་བ་བཅས་བཀའ་སློབ་བཀའ་དྲིལ་སྩལ་གནང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎