༸གོང་ས་མཆོག་གི་ཨིན་ཡུལ་དུ་གསར་འགོད་ལྷན་ཚོགས།

༸གོང་ས་མཆོག་ལ་ཨིན་ཡུལ་གྱི་མེན་ཆེསི་ཊར་དང་སེལ་ཕོརྜ་གྲོང་ཁྱེར་སྤྱི་ཁྱབ་པ་རྣམ་གཉིས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་པ།

2012.06.17

༄༅།།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨིན་ཡུལ་གྱི་གྲོང་ཁྱེར་མན་ཆེསི་ཊར་ཞབས་སོར་འཁོད་སྐབས་སེལ་ཕོརྜ་གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་ཨི་ཡེན་སི་ཊི་ལྦཏ་སྟེང་ཞལ་རྣམ་གཉིས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་དང་ ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་གིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་རྒྱལ་སྤྱིའི་ཐོག་དོན་ལ་རྒྱབ་སྐྱོར་གྱི་གནས་ཚད་མཐོན་པོར་བསླེབས་ཡོད་སྐོར་ལན་སྩལ་མཐར་མགོན་པོ་འདུག

༸གོང་ས་མཆོག་གིས་ངོས་རང་ལོ་རྒྱུས་ཐོག་བོད་དང་ཧ་ཅང་འབྲེལ་བ་ཆེན་པོ་ཡོད་པའི་ཨིན་ཇིའི་ལུང་པར་སླར་ཡང་ཡོང་ཐུབ་པར་ཧ་ཅང་དགའ་པོ་བྱུང། སྤྱིར་ང་ཚོ་ཚང་མ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ལུས་སེམས་དང་ཚོར་ཤེས་གང་གི་ཆ་ནས་བདེ་བ་དོན་གཉེར་དང་སྡུག་བསྔལ་བྲལ་འདོད་ཀྱི་བསམ་པ་ཡོད་པ་གཅིག་མཚུངས་ཆགས་པར་བརྟེན། ངོས་ཀྱིས་འགྲོ་བ་མིའི་བཟང་སྤྱོད་ཀྱི་རི་ཐང་གོང་མཐོར་བཏང་སྟེ་སེམས་ཀྱི་བདེ་སྐྱིད་དེ་བཞིན་ཇི་ལྟར་བསྒྲུབ་ཚུལ་སྐོར་སྐད་ཆ་ཤོད་རྒྱུ་དེ་གལ་ཆེ་ཤོས་དང་པོར་བརྩི་བཞིན་ཡོད། དེ་ནས་ངོས་རང་ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་ཚང་མའི་ནང་བྱམས་པ་དང་བརྩེ་བ། བཟོད་བསྲན་སོགས་བཟང་སྤྱོད་ཀྱི་བསླབ་བྱ་ཡོད་པ་གཅིག་མཚུངས་ཡིན་པར་བརྟེན། ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་གོང་མཐོར་གཏོང་ཐབས་བྱ་རྒྱུ་དེ་འགན་ཁུར་གལ་ཆེ་ཤོས་གཉིས་པར་བརྩི་བཞིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་གསར་འགོད་པའི་དྲི་བར་བཀའ་ལན་སྩལ་སྐབས་དེར་གསར་འགོད་པ་ཞིག་གིས་དེང་སྐབས་རྒྱལ་སྤྱིའི་ནང་བོད་དོན་ལ་དོ་སྣང་ཏོག་ཙམ་ཉམས་བཞིན་པའི་འཚོར་སྣང་ཡོང་བཞིན་ཡོད་པར་དགོངས་ཚུལ་ཇི་ཡོད་ཀྱི་དྲི་བ་ཞུས་པར། ༸གོང་ས་མཆོག་གིས་བོད་ཀྱི་གནད་དོན་དེ་ལོ་མང་ཕྱིན་པའི་གནད་དོན་ཞིག་ཡིན་པ་དང། དེང་སྐབས་འཛམ་གླིང་ནང་རྙོག་གྲ་གསར་པ་མང་པོ་ཡོད་པ་དེ་དག་ལ་མི་ཚོས་དོ་སྣང་བྱེད་བཞིན་ཡོད། ཕྱོགས་གཅིག་ནས་བོད་ལ་སྣུམ་གྱི་ཐོན་ཁུངས་མེད་པ་དང་ལུང་ཁུག་ཞིག་ཆགས་ཡོད་པ་དེ་ལྟར་ནའང་། བོད་ཀྱི་གནད་དོན་ཐོག་དོ་སྣང་ཡག་ཐག་ཆོད་ཡོད་པ་མ་ཟད། རྒྱལ་ཁབ་མང་པོའི་སྲིད་གཞུང་གིས་བོད་དོན་ལ་རྒྱབ་སྐྱོར་དེ་བཞིན་ཚད་མཐོན་པོར་བསླེབས་ཡོད་ཅེས་བཀའ་ལན་སྩལ་མཐར་མགོན་པོ་གང་ཉིད་མཆོག་གིས་བོད་ཀྱི་ཁོར་ཡུག་ཉམས་ཆག་འགྲོ་བཞིན་པ་དེས་བོད་ཀྱི་རྒྱུག་ཆུ་ཆེ་ཁག་ལ་བརྟེན་ནས་འཚོ་བཞིན་པའི་མི་མང་ཐེར་འབུམ་མང་པོའི་བདེ་སྡུག་དང་ཐད་ཀར་འབྲེལ་བ་ཡོད་པར་བརྟེན། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ལ་དོ་སྣང་སྤྲོད་རྒྱུ་གལ་ཆེ་ཡིན་སྐོར་བཀའ་སློབ་དང་འབོད་སྐུལ་ཡང་མཛད་ཡོད།   བཀའ་སློབ་གྲུབ་མཚམས་༸གོང་ས་མཆོག་ཨིན་ཡུལ་ལིདྲསི་གྲོང་ཁྱེར་དུ་ཆིབས་སྒྱུར་བསྐྱངས་ཏེ་ཚོང་ལས་སྡེ་ཚོགས་ (Yorkshire International Business Convention) .ལ་བཀའ་སློབ་སྩལ་གནང་ཡོད་སྐོར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲྭ་རྒྱའི་གནས་ཚུལ་སྤེལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎