༧གོང་ས་མཆོག་འཛམ་གླིང་ནང་པའི་ཆོས་ཚོགས་སུ་ཆིབས་བསྒྱུར།

༧གོང་ས་མཆོག་རྒྱལ་ས་ལྡི་ལིརར་ཚུགས་བཞིན་པའི་འཛམ་གླིང་ནང་པའི་ལྷན་ཚོགས་ཀྱི་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་ཞུ།

2011.11.29

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཚུགས་བཞིན་པའི་འཛམ་གླིང་ནང་པའི་ལྷན་ཚོགས་ཀྱི་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་ཞུ་གསོལ་འདེབས་ཞུ་དོན་ལྟར་བཞུགས་སྒར་ནས་ཆིབས་ཐོན་གྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་འཁོད་གནང་མཛད་ཡོད་པ་རེད།
ལྡི་ལིར་ཚུགས་བཞིན་པའི་འཛམ་གླིང་ནང་པའི་ལྷན་ཚོགས་དེ་བཞིན་ཨ་ཤོ་ཀ་མི་ཤིན་(Ashoka Mission)ཞེས་པའི་ཆོས་ཚོགས་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་ དེའི་ནང་འཛམ་གླིང་ཡུལ་གྲུ་ ༣༢ ལྷག་ནས་ནང་པའི་མཁས་པ་དང་དགེ་འདུན་པ་སོགས་ཚོགས་མི་སྟོང་ཕྲག་བརྒལ་བ་ཆེད་བཅར་ཞུས་ཡོད་པ་རེད།
༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་ཚོགས་འདུའི་མཇུག་བསྡོམས་ཀྱི་བཀའ་སློབ་གསུང་བཤད་སྩལ་གནང་མཛད་རྒྱུ་ཡིན་ཞིང་ དེ་རྗེས་ཕྱི་ཟླ་ ༡༢ ཚེས་ ༣ ཉིན་ ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་India Habitat Center ཞེས་པར་བདེ་སྐྱིད་ཀྱི་སྒྱུ་སྩལ་ཞེས་པའི་བརྗོད་གཞིའི་སྒོ་ནས་མང་ཚོགས་ལ་བཀའ་སློབ་གསུང་བཤད་སྩལ་གནང་མཛད་རྒྱུ་དང་གསུང་བཤད་དེ་ནི་པེན་གུཨིན་(Penguin)ཞེས་པ་འཛམ་གླིང་ནང་གི་སྙན་གྲགས་ཆེ་བའི་དཔེ་དེབ་དཔར་བསྐྲུན་ཁང་གི་ལོ་རེའི་གསུང་བཤད་རིམ་པ་གོ་སྒྲིག་ཞུ་བཞིན་ཡོད་པ་དེའི་དེའི་ཁོངས་ཤིག་ཡིན་པ་རེད།
རྒྱ་གར་གྱི་རྒྱལ་ས་ལྡི་ལའི་ནང་གི་མཛད་འཆར་ཁག་ལེགས་གྲུབ་རྗེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་ ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་སྒར་དུ་ཆིབས་བསྒྱུར་གྱིས་དཔལ་ལྡན་བརྒྱུད་སྨད་གྲྭ་ཚང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ ཕྱི་ཟླ་ ༡༢ ཚེས་ ༥་ནས་ ༧་ བར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་འབྲེལ་གསུང་ཆོས་སྩལ་གནང་མཛད་རྒྱུ་ཡིན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎