༸གོང་ས་མཆོག་ལ་གཙུག་ལག་སློབ་གྲས་ཆེ་བསྟོད་ཕྱག་འཁྱེར་ཕུལ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཁེལ་ག་རིའི་གཙུག་ལག་སློབ་གྲ་ཆེན་མོས་ཆེ་བསྟོད་ཀྱི་ཕྱག་འཁྱེར་ཞིག་འབུལ་བཞེས་གནང་འདུག

2009.10.01

༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཁེལ་ག་རིའི་གཙུག་ལག་སློབ་གྲ་ཆེན་མོས་ཆེ་བསྟོད་ཀྱི་ཕྱག་འཁྱེར་ཞིག་འབུལ་བཞེས་གནང་ཡོད་འདུག

བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་ས་རེས་གཟའ་ལྷག་པའི་ཉིན་ཁེ་ན་ཌ་ནུབ་ཕྱོགས་ཁེལ་ག་རིའི་ནང་ཞབས་སོར་འཁོད་གནང་གིས་མཛད་འཆར་ཐོག་མར་ཁུལ་དེའི་གཙུག་ལག་སློབ་གྲ་ཆེན་མོའི་ནང་སློབ་ཕྲུག་དང་མང་ཚོགས་ཆིག་ཁྲི་ལྔ་སྟོང་ཙམ་གྱི་འདུ་འཛོམས་སར་གསུངས་བཤད་གནང་བ་དང་༸གོང་ས་མཆོག་ལ་གཙུག་ལག་སློབ་གྲ་ཆེན་མོའི་ངོས་ནས་སློབ་དཔོན་གྱི་ཕྱག་འཁྱེར་ཞིག་ཀྱང་འབུལ་བཞེས་གནང་ཡོད་པ་རེད།

༸གོང་ས་མཆོག་གིས་དགུང་ན་ཆུང་དུས་སྐབས་སློབ་གཉེར་གནང་བའི་སྐབས་ཐུགས་སྒྱིད་ལུག་ཡོད་ལ་སྐབས་རེ་ཕྱག་དཔེ་བློ་འཛིན་གནང་མ་ཐུབ་པར་དགེ་རྒན་གྱི་ཕྱག་འཇུག་བཞེས་མྱོང་ཞེས་ཞལ་ཤོབ་དང་སྦྲགས་གསུངས་གནང་ཡོད་པ་རེད། ཡང་༸གོང་ས་མཆོག་གིས་མི་ཚང་མས་རང་གཅེས་འཛིན་མ་ཡིན་པར་མི་ཚང་མ་གཅིག་པ་ཡིན་པའི་འདུ་ཤེས་འཛིན་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་ལས་ཀ་གང་བྱས་ཀྱང་ཞི་བདེ་སྐྲུན་ཐབས་གཙོ་བོ་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་བཀའ་གནང་བ་དང་ལྷག་པར་དུ་བེུད་ཚོའི་ཐོག་ནས་རང་གི་ཕྲུ་གུ་ཆུང་དུས་ནས་བྱམས་བརྩེའི་ངང་ནས་འཚར་ལོངས་བྱེད་ཐུབ་པ་ཞིག་དགོས་ངེས་ཅན་ཡིན་པ་སོགས་བཀའ་སློབ་སྩལ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎