བོད་རིག་པའི་སློབ་གཉེར་བསྟི་གནས་ཁང་ཞིག་དབུ་འབྱེད།

༧གོང་ས་མཆོག་གིས་ཨིན་རྡི་ར་གན་རྡི་གཙུག་ལག་སློབ་གྲ་ཆེན་མོའི་ནང༌བོད་རིག་པའི་སློབ་གཉེར་བསྟི་གནས་ཁང་ཞིག་གསར་དུ་དབུ་འབྱེད།

2011.09.05

༄༅༎བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཚེས་ ༥ ཉིན་ རྒྱ་གར་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱས་པའི་ཨིན་རྡི་ར་གན་རྡི་གཙུག་ལག་སློབ་གྲ་ཆེན་མོའི་ནང༌བོད་རིག་པའི་སློབ་གཉེར་བསྟི་གནས་ཁང་ཞིག་གསར་དུ་དབུ་འབྱེད་གནང་འདུག དེ་ཡང་རྒྱ་གར་གྱི་གསར་འགྱུར་ལས་ཁང་  India Bloom News Service  ཞེས་པའི་གོང་ཚེས་ཉིན་གནས་ཚུལ་སྤེལ་བར་གཞིགས་ན། འདི་ཚེས་ ༥ ཉིན་ཨིན་རྡི་ར་གན་རྡི་གཙུག་ལག་སློབ་གྲ་ཆེན་མོས། སློབ་གཉེར་ཁང་དེ་ནས་སློབ་པ་མཐར་སོན་པ་རྣམས་ལ་ཤེས་ཚད་ལག་འཁྱེར་གནང་རྒྱུའི་ལོ་འཁོར་དུས་སྟོན་ཐེངས་ ༢༤ པའི་ཐོག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་མགྲོན་གཙོ་བོར་གདན་འདྲེན་ཞུས་པ་དང་ཆབས་ཅིག ཉིན་དེར་གཙུག་ལག་སློབ་གྲ་ཆེན་མོའི་ནང་བོད་རིག་པའི་སློབ་གཉེར་ཁང་ཞིག་དབུ་འབྱེད་གནང་བའི་མཛད་སྒོའི་ཐོག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་བཤད་སྩལ་བའི་ནང༌། བོད་ཀྱི་རིག་གནས་ཀྱི་ནང་དོན་གཙོ་བོ་ཁག་རྒྱ་གར་ནས་བྱུང་བ་ཞིག་ཡིན་པ་དང༌། དེ་ཡང་བོད་ནང་ནང་ཆོས་དར་འགོ་ཚུགས་པའི་རྗེས། རྒྱ་གར་ནང་ལེགས་སྦྱར་དང་པ་ལི་སྐད་ནང་ཡོད་པའི་ནང་པའི་དཔེ་ཆ་གསུམ་བརྒྱ་ཙམ་ཞིག་བོད་ཡིག་ཐོག་བསྒྱུར་ཏེ། དཔེ་དེབ་དེ་ཚོའི་ནང་འགྲེལ་བརྗོད་བྱས་པའི་གནད་དོན་ཁག་གི་ཐོག་བོད་པས་བསླབ་པ་སློབ་གཉེར་དང༌། གང་སྦྱང་པ་རྣམས་དངོས་སུ་ལག་ལེན་བསྟར་བ་སོགས་བྱས་ཡོད་ཙང༌། རྒྱ་གར་དང་བོད་མི་ཚོའི་དབར་དགེ་རྒན་དང་དགེ་ཕྲུག་གི་འབྲེལ་བ་ཆགས་ཀྱི་ཡོད་པ་ལྟར། ད་ཆ་དེ་སྔ་རྒྱ་གར་ནས་བོད་ནང་དར་བའི་ནང་ཆོས་ཀྱི་རིག་གནས་དེ་དག རྒྱ་གར་ལ་ཕྱིར་སློག་བྱ་རྒྱུའི་དུས་ལ་འབབ་ཡོད་དང༌།  ནང་ཆོས་ཀྱི་རིག་གནས་དེ་དག་ཚན་རིག་དང༌། བལྟ་སྒྲུབ། ནང་ཆོས་བཅས་དོན་ཚན་གསུམ་ལ་དབྱེ་བ་འབྱེད་དགོས་པ་དང༌། ནང་ཆོས་ཀྱི་ཚན་རིག་གིས་སེམས་ཀྱི་རྣམ་བཞག་སྐོར་དང༌། བལྟ་སྒྲུབ་ཀྱིས་རྟེན་འབྱུང་གི་རྣམ་བཞག་  ཆོས་ཀྱིས་སྐྱབས་འགྲོ་གསོལ་འདེབས་དང་སྐྱེ་བ་སྔ་ཕྱི་སོགས་ཀྱི་སྐོར་གསུང་གི་ཡོད་དུས། ད་ཆ་མཐོ་སློབ་འདིའི་ནང་བོད་ཀྱི་རིག་གནས་སློབ་གཉེར་ཁང་གསར་འཛུགས་བྱས་པ་འདིས་རྒྱུད་ནས། ནང་ཆོས་ཀྱི་ཚན་རིག་སྟེ་ནང་སེམས་ཀྱི་འགྲོ་སྟངས་སྐོར་སློབ་གཉེར་གྱིས་ཕན་ཐོགས་ཡོད་པ་སྟོན་ཐུབ་པའི་རེ་ཡོད་ཅེས་དང༌། ཡང་༧གོང་ས་༧སྐྱབས་མགོནཆེན་པོ་མཆོག་གིས་སྐབས་དེར་མུ་མཐུད། ཤེས་ཡོན་སློབ་སྦྱོང་གིས་ཕན་ཐོགས་དང་གནོད་ཚབས་གཉིས་ཀ་ཡོང་གི་ཡོད་ཅིང༌། ཤེས་ཡོན་བེད་སྤྱོད་ཡག་པོ་ཡོང་རྒྱུར་ བློ་སྟོབས་དང་རང་སེམས་རང་གི་གནོན་ཐུབ་པ་ཞིག་དགོས་པ་དང༌། མི་སྒེར་དང༌། ནང་མི་ཁྱིམ་ཚང༌། དེ་བཞིན་སྤྱི་ཚོགས་བཅས་པའི་ནང་བདེ་སྐྱིད་ཡོང་བའི་དམངས་གཞི་གཙོ་བོ་ནི། སྤྱོད་ཚུལ་ལ་རག་ལུས་ཀྱི་ཡོད་པའི་བཀའ་སློབ་སྩལ་གནང་མཛད་ཡོད་པའི་གནས་ཚུལ་བཀོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎