༸གོང་ས་མཆོག་ཕེ་རན་སི་ལ་ཆིབས་བསྒྱུར་བསྐྱངས་གནང་བ།

རྒྱ་ནག་གཞུང་གི་སྐྱོན་བརྗོད་བྱེད་མིན་ལ་མ་ལྟོས་པར་༸གོང་ས་མཆོག་གཟའ་སྤེན་པའི་ཉིན་ཕེ་རན་སིའི་ནང་ཆིབས་བསྒྱུར་བསྐྱངས་གནང་མཛད་པ།

2009.06.06

༄༅༎རྒྱ་ནག་གཞུང་གི་སྐྱོན་བརྗོད་བྱེད་མིན་ལ་མ་ལྟོས་པར་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟའ་སྤེན་པའི་ཉིན་ཕེ་རན་སིའི་ནང་ཆིབས་བསྒྱུར་བསྐྱངས་གནང་མཛད་ཡོད་པ་རེད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་རེས་ཕེ་རན་སིའི་དགུང་ཞག་གཉིས་རིང་གི་མཛད་འཕྲིན་ཁག་ནང་གཟའ་ཉི་མའི་ཉིན་པེ་རི་སི་གྲོང་ཁྱེར་གྱིས་༸གོང་ས་མཆོག་ལ་གྲོང་ཁྱེར་དེའི་ཆབས་འབངས་མི་སེར་གྱི་ཆེ་བསྟོད་ཕྱག་འཁྱེར་འབུལ་བཞེས་མཛད་རྒྱུ་ཡིན་ཞིང་ཕེ་རན་སིའི་འབྲེལ་ཡོད་དཔོན་རིགས་ནས་གསུངས་བར་གཞིགས་ན་ད་རེས་༸གོང་ས་མཆོག་ཕེ་རན་སིའི་ནང་ཆིབས་བསྒྱུར་བསྐྱངས་པའི་སྐབས་དང་ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་ཡང་ཕེ་རན་སི་ནང་ཕེབས་པའི་དུས་གཅིག་མཚུངས་འཁེལ་གྱི་ཡོད་པར་བརྟེན་ནས་ཕེ་རན་སིའི་ཆེས་མཐོའི་དཔོན་རིགས་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་གནང་ཡས་ཀྱི་མཛད་འཆར་མེད་ལུགས་གསུངས་ཡོད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕེ་རན་སིའི་ནང་ཆིབས་བསྒྱུར་གནང་བའི་ཕེབས་བསུའི་ལྷན་ཚོགས་ཤིག་གི་ཐོག་བཀའ་གནང་བར་ད་རེས་སྐུ་ཉིད་ཕེ་རན་སིའི་ཡུལ་གྲུའི་ནང་ཆིབས་བསྒྱུར་བསྐྱངས་གནང་བའི་རིང་ཐུགས་དགྱེས་ཚོར་ཆེ་ཤོས་ནི་པེ་རི་སི་གྲོང་ཁྱེར་གྱིས་ཆབས་འབངས་གྲོང་མིའི་ཆེད་བསྟོད་ཕྱག་འཁྱེར་འབུལ་བཞེས་གནང་རྒྱུ་དེ་ཡིན་པ་དང་དེ་མིན་གོ་སྐབས་དེ་དང་བསྟུན་ནས་ཕེ་རན་སིའི་ནང་ཡོད་པའི་༸གོང་ས་མཆོག་སྐུ་ཉིད་ཀྱི་ཐུགས་ཉེ་བའི་གྲོགས་པོ་རྙིང་པ་སྲིད་དོན་མི་སྣ་དང་ཚོང་དོན་མི་སྣ་དེ་བཞིན་མཁས་དབང་མི་སེར་སྐྱུས་མ་བཅས་པ་མང་པོ་ཞིག་བསྐྱར་དུ་མཇལ་འཕྲད་ཡོང་རྒྱུར་ཐུགས་མཉེས་པོ་ཡོད་པའི་སྐོར་བཀའ་གནང་བཞག་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་དོན་ཐོག་བཀའ་སློབ་གནང་བའི་ནང་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ཕྱི་ཟླ་གསུམ་པ་ནས་བཟུང་ལོ་རྒྱུས་རང་བཞིན་ལྡན་པའི་ཡུལ་དེའི་ཕ་མེས་ནས་བཞག་པའི་རིག་གཞུང་དང་ཆོས་ལུགས་རྩ་མེད་དུ་འགྲོ་གི་ཡོད་པའི་ཐུགས་འཚོར་ཕེབས་ཀྱི་ཡོད་པ་བཀའ་གནང་འདུག

དེ་མིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕེ་རན་སིའི་ནང་དགུང་ཞག་གཉིས་རིང་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོར་མཇལ་ཁ་དང་འབྲེལ་བཀའ་སློབ་གསུང་བཤད་བསྩལ་གནང་མཛད་རྒྱུ་མཛད་འཆར་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎