༸གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀྱི་མཛད་འཕྲིན།

༧གོང་ས་མཆོག་གིས་རབ་བྱུང་བ་ཚོས་གཞི་ཚུལ་ཁྲིམས་ཀྱི་བསླབ་པ་མ་ཉམས་པ་སྲུང་རྒྱུའི་གལ་ཆེའི་བཀའ་སློབ་གནང་ཡོད་འདུག

2010.09.03

༄༅༎ཟླ་བ་འདིའི་ཚེས་༣ཉིན་སྔ་དྲོ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་བེ་ལ་གོ་བིའི་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་གླིང་གི་བཤད་གྲའི་དགེ་ཚུལ་མཐར་སོན་པ་རྣམས་ལ་ཕྱག་འཁྱེར་གནང་བའི་རྟེན་འབྲེལ་མཛད་སྒོ་ཐེངས་དྲུག་པའི་ཐོག་ཆིབས་བསྒྱུར་བསྐྱངས་ཏེ་ མཛད་སྒོའི་ཐོག་ཆེད་ཕེབས་གནང་བའི་བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམ་པ་དང་  རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་མངའ་སྡེའི་དྲུང་ཆེ་མཆོག་གི་གཙོས་ཕྱི་ནང་སྐུ་མགྲོན་རྣམ་པ་དང་སེར་སྐྱ་མི་མང་ཁྱོན་ཆེ་ཞིག་འདུ་འཛོམསཀྱི་ཐོག༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མཛད་སྒོ་དབུ་འབྱེད་དང་འབྲེལ་བཀའ་སློབ་སྩལ་བའི་ནང་ སྐྱབས་རྗེ་གྲུབ་དབང་དཔལ་ནོར་རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་དུ་ཕེབས་ནས་ཞལ་བཞུགས་མེད་པར་བློ་ཕམ་ཞིག་ཡིན་ཡང་ ཆོས་གར་དེའི་ནང་རིན་པོ་ཆེ་ཞལ་བཞུགས་པ་བཞིན་རིན་པོ་ཆེའི་དགོངས་པ་མུ་མཐུད་སྒྲུབ་བཞིན་འདུག་པ་དེ་ནི་དགའ་འོས་པ་ཞིག་ཡིན་པ་བཀའ་སྩལ་གནང་མཛད་པ་དང་ཕྱོགས་ཚུངས་ ཞིང་གཤེགས་སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་དམ་པ་གང་ཉིད་ཀྱིས་ནང་པ་སངས་རྒྱས་པའི་བསྟན་པར་འཛིན་སྐྱོང་སྤེལ་གསུམ་གྱི་ཐུགས་ཁུར་ཆེ་བཞེས་ཀྱི་རླབས་ཆེན་མཛད་རྗེས་ལ་གདེང་འཇོག་བཟང་པོ་གནང་ཡོད་པ་རེད་

དེ་བཞིན་༧གོང་ས་༧སྐྱབས་མགོནཆེན་པོ་མཆོག་ནས་བཀའ་སློབ་སྩལ་བའི་ནང་ རབ་བྱུང་བ་རྣམས་ཀྱིས་གྲུབ་མཐའི་ཕྱོགས་ལྷུང་སྤང་ནས་ཆོས་ལུགས་རིས་མེད་ལ་དད་པ་དང་དས་སྣང་སྦྱོང་རྒྱུ་གལ་ཆེ་ཡིན་པའི་ལམ་སྟོན་བཀའ་སློབ་སྩལ་བ་མ་ཟད་ རབ་བྱུང་བ་ཚོས་གཞི་ཚུལ་ཁྲིམས་ཀྱི་སླབ་པ་མ་ཉམས་པ་སྲུང་རྒྱུའི་གལ་ཆེའི་བཀའ་སློབ་གནང་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎