༧གོང་ས་མཆོག་གིས་ཉི་ཧོང་དུ་ཆོས་འབྲེལ་གསུང་ཆོས།
2011.10.31
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ས་ མ་ཡི་ཤི་མའི་ཚོགས་ཁང་ཆེན་མོའི་ནང་ཉི་ཧོང་དང་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་མང་པོར་ཤེས་རབ་སྙིང་པོའི་གསུང་ཆོས་དང༌། མི་ཚེའི་དཀའ་ངལ་ལས་སེལ་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་མཛད་འདུག།
༧གོང་ས་མཆོག་གིས་ ཉི་ཧོང་གི་ ཀོ་ཡ་སན་གཙུག་ལག་སློབ་གྲྭ་བཙུགས་ནས་ལོ་ངོ་༡༢༥འཁོར་བའི་དུས་དྲན་མཛད་སྒོ་དབུ་འཛུགས་དང་འབྲེལ། ཤེས་རབ་སྙིང་པོའི་ཞལ་འདོན་གསུང་འདོན་གནང་ཡོད་པ་རེད། དེ་རྗེས་ཤེས་རབ་སྙིང་པོའི་ཆོས་འབྲེལ་གནང་སྐབས་བྱམས་བརྩེ་དང་སྟོང་ཉིད་བཅས་ཀྱི་སྐོར་བཀའ་སློབ་སྩལ་གནང་མཛད་པ་དང༌། ཕྱོགས་མཚུངས་བདེན་བཞིའི་རྣམ་གཞག་སྐོར་བཀའ་སློབ་སྩལ་སྐབས། བཅོམ་ལྡན་འདས་ལ་སྨོན་ལམ་བརྒྱབ་པ་ཙམ་གྱི་འགྲིག་གི་མེད་པ་དང༌། ནང་གི་ཞི་བདེ་སྐྲུན་ཐབས་སུ་སེམས་ནང་བསམ་བློ་གཏིང་གཟབ་གཏོང་དགོས་སྐོར་བཀའ་ཕེབས་འདུག། གསུང་ཆོས་བསྒྲུབ་མཚམས་ཉིན་གུང་ལྗགས་སྨིན་གནང་གྲུབ་པའི་རྗེས་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ མང་ཚོགས་ཀྱི་དྲི་བར་བཀའ་ལན་སྩལ་གནང་མཛད་ཡོད་ཅིང༌། མང་ཚོགས་ཁྲོད་ནས་ ཤེས་རབ་སྙིང་པོའི་གསུང་ཆོས་དང་འབྲེལ་བའི་སྟོང་ཉིད་དང་་མི་རྟག་པ། ཆོས་ལུགས་རིས་མེད་ཀྱི་ལྟ་གྲུབ་སོགས་ཀྱི་སྐོར་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་༧གོང་ས་མཆོག་གིས་བཀའ་ལན་བཀྲིན་ཆེ་གནང་མཛད་འདུག།