༸གོང་ས་མཆོག་ནས་རྒྱ་གར་གྱི་སྲིད་བློན་ལ་ཕྱག་བྲིས་ཕུལ་བ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་ལ་སེམས་གསོའི་ཕྱག་བྲིས་ཤིག་ཕུལ་ཡོད་པ་རེད།

2008.11.28

༄༅༎རྒྱ་གར་གྱི་དཔལ་འབྱོར་ལྟེ་གནས་གྲོང་ཁྱེར་མུམ་སྦའེ་ནང་འཇིག་སྐུལ་དྲག་སྤྱོད་པ་ཚོས་གཟའ་ལྷག་པའི་ཉིན་ཡང་སྙིང་རྗེ་བྲལ་བའི་ཤིན་ཏུ་ཚབས་ཆེི་འཚེ་བའི་བྱ་སྤྱོད་བརྩམས་ཏེ་ཕྱི་ནང་མི་རིགས་མང་པོ་རྨས་པས་མ་ཟད་མི་གྲངས་བརྒྱ་དང་ལྔ་བཅུ་ཉེ་བའི་ཚེ་སྲོག་བཅད་པར་ཧང་སངས་ཞིང་ཐུགས་སེམས་ཕང་པོ་བྱུང་བས་ངས་སྐུ་ཉིད་དང་སྐུ་ཉིད་ཀྱི་བརྒྱུད་ནས་མི་མང་ཁྱོན་ཆེ་འདས་སོན་ཁ་བྲལ་དུ་གྱུར་ཏེ་སེམས་སྡུག་དྲག་པོ་མྱོང་བཞིན་པའི་ནང་མི་དང་དགའ་ཉེ་སྤུན་གྲོགས་ཚོར་ངའི་ངོས་ནས་སེམས་གསོ་གཏོང་གི་ཡོད་ཅེས་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་ལ་ཕྱག་བྲིས་ཤིག་ཕུལ་ཡོད་པ་རེད། དེ་དང་དུས་མཚུངས་རྒྱ་གར་གྱི་མི་མང་ཚོའི་ཉམས་པ་སླར་གསོའི་རང་བཞིན་ཁྱད་ཆོས་ལྡན་པའི་ནུས་པར་ངས་དུག་རྟག་ཏུ་ཡིད་སྨོན་བྱེད་ཀྱི་ཡོད་པས་འགྲོ་བ་མིའི་ཀུན་སྤྱོད་དང་མི་མཚུངས་པའི་འཚེ་བའི་བྱ་སྤྱོད་དེ་ཚོས་རྒྱ་གར་གྱི་མི་མང་ཚོར་འཇིགས་སྣང་སྐུལ་ཐུབ་ཀྱི་མ་རེད་སྙམ་པའི་ང་ལ་ཡིད་ཆེས་ཡོད་ལ་ཁྱེད་ཀྱིས་འཇིགས་སྐུལ་རིང་ལུགས་དང་འཚེ་བའི་བྱ་སྤྱོད་ཀྱི་སྡིགས་ར་དེ་ཚོར་ཁ་གཏད་གདོང་ལེན་གནང་བཞིན་པ་དངདུས་མཉམ་དུ་ངས་རྒྱ་གར་གྱི་མི་མང་སྤྱི་དང་དམིགས་སུ་བཀར་ནས་མུམ་སྦའེ་ནང་གི་མི་མང་ཚོར་གདུང་སེམས་མཉམ་སྐྱེད་ཡོད་ཅེས་ཡང་ནས་ཡང་དུ་ཞུ་གི་ཡིན་ཞེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་མཆོག་ལ་ཕུལ་བའི་ཕྱག་བྲིས་ནང་བཀོད་གནང་ཡོད་པ་རེད། བཙན་བྱོལ་བོད་གཞུང་གི་ལྷན་ཁང་ཁག་དང་འབྲེལ་ཡོད་མཛད་གཙོ་རྣམ་པ་དང་གཞུང་ཞབས་ལས་བྱེད་རྣམས་ཀྱིས་དོན་རྐྱེན་དེའི་གོད་ཆགས་ཕོག་པའི་མི་མང་ཚོའི་ཆེད་དུ་གསོལ་བ་སྨོན་ལམ་སྐྱོན་གནང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎