བོད་རྒྱ་འབྲེལ་མོལ་སྐོར།

༸གོང་ས་མཆོག་གི་སྐུ་ཚབ་རྣམས་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་དང་བཀའ་བསྡུར་གནང་བཞིན་ཡོད་པ་རེད།

2008.07.01

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་ལགས་དང་ སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་རྣམ་གཉིས་ རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་དང་བཀའ་མོལ་གནང་ཆེད་རྒྱ་ནག་ཏུ་ཆེད་ཕེབས་གནང་ཡོད་པ་དང་ འདི་ནི་ཕྱི་ལོ་ ༢༠༠༢ ལོ་ནས་འགོ་བཙུགས་པའི་བོད་རྒྱ་འབྲེལ་མོལ་ཐེངས་བདུན་པ་དེ་ཡིན་པ་རེད་

དཔལ་ལྡན་སྐུ་སྒེར་ཡིག་ཚང་ནས་གསལ་བསྒྲགས་གནང་པ་གཞིར་བཟུང་ལྟར་ན་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྣམ་པ་དེ་རིང་གཟའ་མིག་དམར་དང་ལྷག་པ་བཅས་ཉིན་གྲངས་གཉིས་རིང་ རྒྱ་ནག་གཞུང་གི་འབྲེལ་ཡོད་དཔོན་རིགས་དང་བཀའ་བསྡུར་གནང་པའི་རྗེས་ གཟའ་ཕུར་བུའི་ཉིན་རྒྱ་གར་དུ་ཕྱིར་ཕེབས་གནང་རྒྱུ་ཡིན་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ད་ཐེངས་ཀྱི་གྲོས་མོལ་འདི་བརྒྱུད་བོད་ནང་གི་བོད་མི་ཚོའི་དཀའ་སྡུག་སེལ་ཐུབ་རྒྱུར་ངོས་བཟུང་ཐུབ་པའི་ཡར་རྒྱས་ཀྱི་རྣམ་པ་ཞིག་འབྱུང་ཐབས་ཐད་འབད་བརྩོན་བྱེད་དགོས་སྐོར་སྐུ་ཚབ་རྣམ་པ་ཚོར་བཀའ་མངགས་གནང་ཡོད་པ་རེད་ རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ ཏཱ་ལའི་བླ་མའི་སྐུ་ཚབ་མི་སྣ་རྒྱ་ནག་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱི་དཔོན་རིགས་དང་བཀའ་མོལ་གནང་ཆེད་ཕེབས་ཀྱི་ཡོད་ལུགས་བརྗོད་པ་ལས་ བཀའ་མོལ་གནང་སའི་ས་ཆ་དང་ བཀའ་མོལ་གྱི་ནང་དོན་ཇི་ཡིན་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་འགྲེལ་བརྗོད་བྱས་མེད་པ་རེད་

ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཀོན་ཌོ་ལི་ཛ་རཡེ་སེ་མཆོག་ཉིན་གྲངས་གཉིས་རིང་རྒྱ་ནག་ཏུ་ཆེད་ཕེབས་གནང་ཡོད་པ་དང་ གཟའ་ཟླ་བའི་ཉིན་པེ་ཅིང་ནས་ཕེབས་ཐོན་མ་གནང་གོང་ རྒྱ་ནག་གཞུང་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དབར་གྲོས་མོལ་སླར་ཡང་འགོ་ཚུགས་ཐུབ་པ་བྱུང་བར་དགའ་བསུ་ཞུས་གནང་པ་དང་སྦྲགས་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་རྙོག་འཛིང་ཆེ་བའི་བོད་ཀྱི་དཀའ་རྙོག་འདི་སེལ་རྒྱུའི་ཆ་རྐྱེན་བཟང་ཤོས་དེ་ཡིན་པར་ཡིད་ཆེས་གནང་གི་ཡོད་པ་གསལ་བཤད་གནང་ཡོད་པ་རེད་ ཡང་ཕེ་རན་སིའི་སྲིད་འཛིན་ སར་ཀོ་ཛི་མཆོག་ནས་ད་བར་ཨོ་ལིམ་པིག་རྩེད་འགྲན་གྱི་སྒོ་འབྱེའི་མཛད་སྒོར་ཕེབས་མིན་ཐག་གཅོད་གནང་མེད་པ་དང་ གཟའ་ཟླ་བའི་ཉིན་ཁོང་གིས་གསར་འགོད་པ་ཚོར་ ད་ཐེངས་ཀྱི་བོད་རྒྱ་གྲོས་མོལ་འདི་ཡར་རྒྱས་ལྡན་པ་ཞིག་འབྱུང་ཚེ་ ཨོ་ལིམ་པིག་གི་སྒོ་འབྱེའི་མཛད་སྒོར་ཕེབས་ཀྱི་ཡིན་ཞེས་གསུངས་འདུག

གནད་དོན་དབྱེ་ཞིབ་པ་མང་པོས་ རྒྱ་ནག་གཞུང་གིས་གྲོས་མོལ་འདི་དག་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ཕན་ཐོགས་ལྡན་པ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་ཚེ་ ཐོག་མར་རྒྱལ་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ ཏཱ་ལའི་བླ་མ་མཆོག་ལ་མཚན་དམས་ཞུ་རྒྱུའི་ལས་བྱེད་སྒོ་ཁག་མཚམས་འཇོག་ཞུ་དགོས་པའི་བསམ་ཚུལ་བཏོན་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎