༸གོང་ས་མཆོག་ཨ་རིའི་མངའ་སྡེ་ཀེ་ལི་ཕོ་ནི་ཡར་ཆིབས་བསྒྱུར།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་མངའ་སྡེ་ཀེ་ལི་ཕོ་ནི་ཡའི་གྲོང་ཁྱེར་སེན་ཕེ་རན་སི་སི་ཀོ་དུ་ཞབས་སོར་བདེར་བ་འཁོད་འདུག

2010.10.12

༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཕྱི་ཚེས་༡༡སྔ་དྲོ་ཨ་མི་རི་ཀའི་མངའ་སྡེ་ཀེ་ལི་ཕོ་ནི་ཡའི་གྲོང་ཁྱེར་སེན་ཕེ་རན་སི་སི་ཀོ་དུ་ཞབས་སོར་བདེར་བ་འཁོད་དེ། རིམ་པས་ཨ་མི་རི་ཀའི་མངའ་སྡེ་འགའ་ཤས་དང་ཁེ་ན་ཌའི་ནང་དུ་ཆིབས་བསྒྱུར་གྱི་མཛད་འཆར་བསྐྱང་གནང་རྒྱུ་ཡིན་པ་རེད།

དེ་ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གྲོང་ཁྱེར་སེན་ཕེ་རན་སི་སི་ཀོ་ཡི་གནམ་ཐང་དུ་ཆིབས་བསྒྱུར་གནང་བའི་སྐབས་གྲོང་ཁྱེར་ནེའུ་ཡོག་དུ་ཡོད་པའི་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་དང་རྒྱ་གར་གྱི་ཕྱི་འབྲེལ་ལས་ཁང་གི་སྐུ་ཚབ་འཐུས་མི་བཅས་ནས་ཕེབས་བསུ་ཞུས་པ་དང༌། དེ་རྗེས་མཛད་འཆར་སྐྱོང་ཡུལ་ས་གནས་སེན་ཧོ་སེ་བར་ཕེབས་ཊོར་ཆིབས་བསྒྱུར་གྱིས་སེན་ཧོ་སེ་ནང་གི་མགྲོན་ཁང་དུ། ས་གནས་སེན་ཧོ་སེ་དང་སི་ཀྲེན་ཕོ་དྲི་གཙུག་ལག་སློབ་གྲ་གཉིས་ནང་གི་མཛད་འཆར་གོ་སྒྲིག་ཞུ་མཁན་རྒྱུད་སྟོད་གསང་སྔགས་ཆོས་ཚོགས་ཀྱི་འགན་འཛིན་སྐུ་ཞབས་ཐུབ་བསྟན་དོན་ཡོད་ལགས་དང༌། དགེ་ལྡན་ཆོས་གླིང་གི་མཁན་ཟུར་རིན་པོ་ཆེ་བློ་བཟང་འཇམ་དབྱངས་མཆོག སི་ཀྲེན་ཕོ་དྲི་གཙུག་ལག་སློབ་གཉེར་ཁང་གི་མཛད་གཙོ་རྣམ་པ་གཙོས་པའི་ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་དང་དྲུང་ཆེ། ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཕེབས་བསུ་ཞུས་ཡོད་པ་རེད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ད་རེས་ཨ་མི་རི་ཀའི་ནང་གི་མཛད་འཆར་ཐོག་མར་མངའ་སྡེ་ཀེ་ཕོ་ནི་ཡའི་ས་གནས་སེན་ཧོ་སེ་དང་སི་ཀྲེན་ཕོ་དྲི་གཙུག་ལག་སློབ་གཉེར་ཁང་གི་མཛད་འཆར་གྲུབ་པའི་རྗེས། ཨ་རིའི་མངའ་སྡེ་ཇོར་ཇི་ཡ་དང༌། ཨོ་ཧ་ཡོ་དུ་ཆིབས་བསྒྱུར་བསྐྱང་རྒྱུ་དང༌།  ད་རྗེས་ཁེ་ན་ཌའི་གྲོང་ཁྱེར་ཀྲོ་རན་ཀྲོ་དང་དེ་ནས་ཨ་རིའི་མངའ་སྡེ་ཕོ་ལོ་རི་དྲ་བཅས་ནང་མཛད་འཆར་བསྐྱང་གནང་རྒྱུ་ཡིན་པ་རེད། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎