རྒྱ་ནག་གིས་བོད་ཀྱི་གཙང་ཆུ་ཁག་སྦག་བཙོག་བཟོ་བཞིན་འདུག


2017.03.27
རྒྱ་གར་ལ་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོ་སྐབས། ༢༠༡༧།༣།༢༥ རྒྱ་གར་ལ་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོ་སྐབས། ༢༠༡༧།༣།༢༥
tibet.net

རྒྱ་ནག་གིས་གཏེར་ཁ་སྔོག་འདོན་སོཊ་ཀྱི་ལས་གཞིའི་འོག་བོད་ཀྱི་ཁོར་ཡུག་གཙང་ཆུ་ཁག་སྦག་བཙོག་བཟོ་བཞིན་པའི་སྐྱོན་བརྗོད་བྱས་འདུག
བོད་ཀྱི་གནད་དོན་ཐོག་ཉམས་ཞིབ་གནང་མཁན་མཁས་དབང་(Claude Apri)ཡིས། རྒྱ་ནག་གིས་བོད་ནང་གཏེར་ཁ་སྔོག་འདོན་དང་བཟོ་ལས་འཛུགས་བསྐྲུན་གྱི་ལས་འཆར་གཞི་རྒྱ་ཆེན་པོ་སྤེལ་བཞིན་པས། བོད་ཀྱི་རྩ་ཆེའི་གཙང་ཆུ་ཁག་སྦག་བཙོག་བཟོས་བཞིན་པར་གཤམ་འོག་རྒྱལ་ཁབ་ཁག་གི་མི་མང་མང་ཚོགས་ལ་གནོད་འཚེ་ཚད་མེད་བཟོ་བཞིན་ཡོད་པའི་སྐྱོན་བརྗོད་བྱས་འདུག
ཁོང་གི་བཀའ་མོལ་དེ་ཕྱི་ཚེས་༢༥་ཉིན་མཇུག་སྒྲིལ་ཟིན་པའི་བོད་ཀྱི་ཕྱི་འབྲེལ་འགྲེམས་སྟོན་ཚན་པ་དང་། ཧིན་བོད་འབྲེལ་འཐུད་ཚོགས་པ་ཟུང་འབྲེལ་གྱིས་རྒྱ་གར་ལྷོ་ཕྱོགས་Madras གཙུག་ལག་སློབ་གཉེར་ནང་གོ་བསྒྲིགས་ཞུས་པའི་རྒྱ་གར་ལ་ཐུགས་རྗེ་ཆེ་ཞུ་བའི་ཉིན་གཉིས་ཀྱི་མཛད་སྒོ་མཇུག་སྒྲིལ་གྱི་གསུང་བཤད་ནང་གསུངས་ཡོད་པ་རེད།
མཛད་སྒོའི་ཐོག་བོད་དང་རྒྱ་ནག་གི་གནད་དོན་ལ་དཔྱད་པ་གནང་མཁན་མཁས་དབང་Claude Apriཡིས། བོད་དེ་རྒྱ་གར་གཙོས་ཨེ་ཤེ་ཡའི་མངའ་ཁུལ་ལ་ཆབ་སྲིད་ཀྱི་གནད་འགག་ཆེ་བའི་སྐོར་གསུང་བཤད་རྒྱས་པོ་ཞིག་གི་གནང་བའི་ནང་། བོད་དེ་བཞིན་འཛམ་གླིང་ནང་གི་གཙང་ཆུ་གལ་ཆེ་༡༠ ཡི་འབྱུང་ཁུངས་དེ་ཡིན་པ་དང་། བོད་ནས་རྒྱུག་བཞིན་པའི་གཙང་ཆུ་དེ་ཚོ་གཤམ་འོག་རྒྱལ་ཁབ་ཁག་གི་མང་ཚོགས་འཐེར་འབུམ་གཅིག་དང་དུང་ཕྱུར་གསུམ་ཙམ་གྱི་འཚོ་བའི་རྟེན་གཞི་དེར་ཐུག་གི་ཡོད་པ་གསུངས་ཡོད་པ་རེད།
རྒྱ་གར་ལ་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོ་དེ་རྒྱ་གར་ཏ་མིལ་ན་དུ་མངའ་སྡེའི་རྒྱལ་ས་ཅེན་ནེའི་Chennaiནང་རྟེན་གཞི་བྱེད་པའི་མ་ད་ར་སི་གཙུག་ལག་སློབ་གཉེར་ཁང་དུ་ཕྱི་དྲིལ་འགྲེམས་སྟོན་ཚན་པ་དང་། ལྡི་ལི་རུ་རྟེན་གཞི་བྱེད་པའི་འཕགས་བོད་འབྲེལ་མཐུད་ཁང་གཉིས་ཀྱིས་ཟུང་འབྲེལ་ཀྱི་ཐོག་ནས་གོ་སྒྲིག་བྱས་པ་ཡིན་འདུག

གསར་འགོད་པ་བློ་བཟང་ཡེ་ཤེས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎