ལྡི་ལིར་བོད་ཀྱི་རིག་གཞུང་དང་འབྲེལ་བའི་དུས་སྟོན་འཚོགས་བཞིན་འདུག


2018.04.02
ལྡི་ལིར་བོད་ཀྱི་རིག་གཞུང་དང་འབྲེལ་བའི་དུས་སྟོན་འཚོགས་བཞིན་པ། ༢༠༡༨།༤།༢ ལྡི་ལིར་བོད་ཀྱི་རིག་གཞུང་དང་འབྲེལ་བའི་དུས་སྟོན་འཚོགས་བཞིན་པ། ༢༠༡༨།༤།༢
སངས་རྒྱས་རྒྱ་མཚོ།/RFA

བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཉིན་གསུམ་རིང་བོད་ཀྱི་རིག་གཞུང་དང་འབྲེལ་བའི་དུས་སྟོན་འཚོགས་བཞིན་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕྱི་ཟླ་བཞི་པའི་ཚེས་༢ནས་༤བར་བོད་ཀྱི་རིག་གཞུང་འགྲེམས་སྟོན་གྱི་དུས་སྟོན་ཞིག་གོ་བསྒྲིགས་ཞུས་ཡོད་པ་ལྟར། ཉིན་དང་པོར་དཔལ་སྤུངས་ཏ་ཡི་སི་ཏུ་རིན་པོ་ཆེ་མཆོགས་ནས་་བློ་སྦྱོང་དང་རྒྱུན་གནས་ཐུབ་པའི་བདེ་སྐྱིད་སྐོར་ཆོས་འབྲེལ་གྱི་ལས་རིམ་དང་། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་བཀའ་བློ་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ། ལྕམ་ཀ་པི་ལ་ཝཊ་ས་ཡན་(Kapila Vatsyan) ལྕམ་མ་དྷུ་རིའི་ སོནྡི་(Madhurai Sondi)ལྡི་ལིའི་སྤྱི་ཁྱབ་བློན་ཆེན་ཟུར་པ། ལྕམ་ཤི་ལ་ཌིཀ་ཤིཏ་(Shiela Dixit)བཅས་དབུ་བཞུགས་ཀྱིས་རྒྱ་གར་དང་བོད་དབར་སྔར་གྱི་འབྲེལ་ལམ་ད་ལྟའི་མཛའ་འབྲེལ་གྱི་དམ་ཚིག་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་འདུག
ཉིན་གཉིས་པར་སྐལ་བཟང་རིན་ཆེན་ལགས་ཀྱིས་བཟོ་བསྐྲུན་གནང་བའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐོར་གྱི་གློག་བརྙན་ཞིག་དང་། བུ་ཆུང་ཚེ་རིང་ལགས་དང་། བསྟན་འཛིན་སྐལ་ལྡན། བཀྲིས་སྟོབས་རྒྱལ་ལགས་བཅས་ཀྱིས་བཟོ་བསྐྲུན་གནང་བའི་བཙན་བྱོལ་བོད་མིའི་ལོ་རྒྱུས་སོན་རྩ་ཞེས་པ་དང་། བསྟན་འཛིན་དབང་ཕྱུག་ལགས་དང་བསྟན་འཛིན་ཆོས་སྒྲུབ་ལགས་གཉིས་ཀྱིས་བཟོ་སྐྲུན་གནང་བའི་སློབ་མས་དགེ་རྒན་ལ་ཕུལ་བའི་ཕྱག་རྟགས་ཞེས་པ། དཔལ་ལྡན་ཆོས་སྒྲོལ་ལཊ་ཀྱིས་བཟོས་གནང་བའི་རྒྱ་གར་གྱི་ལམ་བཟོ་བ་ཞེས་པ་སོགས་གཟིགས་འབུལ་གནང་རྒྱུ་ཡིན་འདུག

གསར་འགོད་པ་ཀརྨ་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎