དོན་གྲུབ་དབང་ཆེན་དང་མགོ་ལོག་འཇིགས་མེད་ལགས་སུ་གཟེངས་རྟགས།


2018.07.13
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་སྙིང་སྟོབས་གཟེངས་རྟགས་དོན་གྲུབ་དབང་ཆེན་དང་མགོ་ལོག་འཇིགས་མེད་ལགས་གཉིས་ལ་ཕུལ། ༢༠༡༨།༧ སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་སྙིང་སྟོབས་གཟེངས་རྟགས་དོན་གྲུབ་དབང་ཆེན་དང་མགོ་ལོག་འཇིགས་མེད་ལགས་གཉིས་ལ་ཕུལ། ༢༠༡༨།༧
SFT

སྤྱི་ལོ་༢༠༡༨་ལོའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་སྙིང་སྟོབས་གཟེངས་རྟགས་དོན་གྲུབ་དབང་ཆེན་དང་མགོ་ལོག་འཇིགས་མེད་ལགས་གཉིས་ལ་ཕུལ་འདུག
འཇིགས་བྲལ་གློག་བརྙན་བཟོ་སྐྲུན་པ་དོན་གྲུབ་དབང་ཆེན་ལགས་དང་ཁོང་གི་ཕྱག་རོགས་མགོ་ལོག་འཇིགས་མེད་ལགས་གཉིས་ཀྱིས་བོད་མི་མང་གི་ཐོབ་ཐང་སྲུང་སྐྱོབ་ཆེད་གནང་བའི་ཕྱག་ལས་དང་སྙིང་སྟོབས་ལ་གདེངས་འཇོག་ཞུ་རྒྱུར་ཉིས་སྟོང་བཅོ་བརྒྱད་ལོའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་སྙིང་སྟོབས་གཟེངས་རྟགས་ཕུལ་ཡོད་འདུག
དེ་ཡང་ཕྱི་ཚེས་༡༢ཉིན་མོ་དེ་ནི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་ནག་གི་བཙོན་ཁང་ནང་དགོངས་པ་རྫོགས་པའི་དུས་དྲན་ཉིན་མོ་ཡིན་པ་དང་། དེའི་ཉིན་ཉི་ཧོང་ནང་བོད་རང་བཙན་སློབ་ཕྲུག་ཚོགས་པས་གཙོ་བོ་གནང་སྟེ་ཉི་ཧོང་ནང་ཡོད་པའི་བོད་ཁང་ནང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དགོངས་པ་རྫོགས་ནས་ལོ་གསུམ་འཁོར་བའི་རྗེས་དྲན་ཉིན་མོ་སྲུང་བརྩི་ཞུས་གནང་བ་དང་འབྲེལ་དེང་སྐབས་ཨ་རིའི་ནང་ཡོད་པའི་འཇིགས་བྲལ་གློག་བརྙན་བཟོ་སྐྲུན་གནང་མཁན་དོན་གྲུབ་དབང་ཆེན་ལགས་དང་། ཁོང་གི་ཕྱག་རོགས་མགོ་ལོག་འཇིགས་མེད་ལགས་རྣམ་གཉིས་ལ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཚན་ཐོག་ནས་སྙིང་སྟོབས་གཟེངས་རྟགས་དེ་བཞིན་ཁོང་གཉིས་ལ་ཕུལ་ཡོད་འདུག བོད་རང་བཙན་སློབ་ཕྲུག་ཚོགས་པས་དོན་གྲུབ་དབང་ཆེན་ལགས་དང་མགོ་ལོག་འཇིགས་མེད་ལགས་སུ་༢༠༡༨ལོའི་སྤྲུལ་སྐུ་བསྟན་འཛིན་བདེ་རིགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་དེ་ཕུལ་དགོས་དོན་གཙོ་བོ་ནི། ༢༠༡༨ལོ་ནས་བཟུང་ཁོང་གཉིས་ཀྱིས་གློག་བརྙན་བཟོས་ནས་གློག་བརྙན་དེ་བརྒྱུད་ནས་རྒྱལ་སྤྱིའི་ནང་བོད་དོན་བརྒྱུད་བསྒྲགས་ཤུགས་ཆེ་བྱུང་བར་བརྟེན་ནས་ཕུལ་བ་ཞིག་ཡིན་འདུག་ཅིང་། དོན་གྲུབ་དབང་ཆེན་ལགས་དང་མགོ་ལོག་འཇིགས་མེད་ལགས་གཉིས་བྱ་དགའ་འབུལ་བཞེས་མཛད་སྒོར་དངོས་སུ་བཅར་ཐུབ་མེད་ཀྱང་། ཁོང་གཉིས་ཀྱིས་ད་རེས་ཁོང་རྣམ་གཉིས་ལ་བྱ་དགའ་དེ་ཐོབ་པ་དེ་ཡང་ཁོང་གཉིས་སྒེར་གྱི་བྱས་རྗེས་མིན་པར་བོད་མི་མང་ཚང་མས་འབད་རྩོན་བྱས་ནས་གློག་བརྙན་དེ་བཟོ་ཐུབ་ཡོད་པར་བརྟེན་བྱ་དགའ་གློག་བརྙན་དེ་བཟོ་སྐྲུན་བྱས་པའི་བརྒྱུད་རིམ་ནང་མཉམ་ཞུགས་གནང་མཁན་སོགས་བོད་མི་ཚང་མར་ཐོབ་པ་ཞིག་ཡིན་པར་ངོས་འཛིན་ཞུ་གིན་ཡོད་སྐོར་མཛད་སྒོའི་ཐོག་སྐད་འཕྲིན་བརྒྱུད་གསུངས་གནང་ཡོད་འདུག

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎