བལ་ཡུལ་ཉེན་སྲུང་བས་བོད་མི་བྲོས་བྱོལ་བ་བཅུ་འཛིན་བཟུང༌།

བལ་པོའི་ཉེན་རྟོག་པས་བོད་ནས་བྲོས་བྱོལ་དུ་ཡོང་མཁན་བོད་མི་བཅུ་བལ་ཡུལ་ས་མཚམས་ནས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་འདུག

2010.01.17

༄༅༎བལ་པོའི་གསར་འགྱུར་གྱི་དྲ་རྒྱ་ཞིག་གི་ཐོག་ལ་དེ་རིང་རེས་གཟའ་ཉི་མའི་ཉིན་བལ་པོའི་ཉེན་རྟོག་པས་བོད་ནས་བྲོས་བྱོལ་དུ་ཡོང་མཁན་བོད་མི་བཅུ་བལ་ཡུལ་ས་མཚམས་ནས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད།

དེ་ཡང་བལ་ཡུལ་གྱི་གསར་འགྱུར་དྲ་རྒྱ་ཀན་ཏི་པུར་(Kantipur)ཟེར་བའི་ཐོག་གནས་ཚུལ་སྤེལ་བའི་ནང། དེ་རིང་སྔ་དྲོ་བོད་ནས་བྲོས་བྱོལ་དུ་ཡོང་མཁན་བོད་མི་བཅུ་བལ་ཡུལ་གྱི་རྒྱལ་ས་ཀ་ཐན་མན་གྲུ་ནས་བྱང་ཤར་ཕྱོགས་སུ་ཡོད་པའི་ཀོ་ལ་ཁ་(Kolakha)རྫོངས་ཀྱི་ས་གནས་བླ་མ་སྦ་གར་(Lamabagar)ཟེར་བ་བརྒྱུད་བལ་ཡུལ་ནང་འཛུལ་ཐབས་བྱེད་པའི་སྐབས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང། བོད་མི་བཅུ་པོ་དེ་དག་ནང་ནས་བརྒྱད་སྐྱེས་པ་དང་གཉིས་བུད་མེད་ཡིན་ཞིང། ཁོང་ཚོས་ཁྲིམས་འགལ་གྱི་ཐོག་ནས་བལ་ཡུལ་ས་ཐོག་ཏུ་འཛུལ་ཞུགས་བྱས་པའི་ཉེས་འཛུགས་ཀྱིས་འཛིན་བཟུང་བྱས་ཏེ། ཁོང་རྣམས་ཀྱི་གནས་སྟངས་མུ་མཐུད་འདྲི་ཞིབ་དང་ཞིབ་འཇུག་ཆེད་དུ་བལ་ཡུལ་རྒྱས་སར་ཡོད་པའི་ཕྱི་མི་གནས་སྤོས་ལས་ཁུངས་སུ་རྩིས་སྤྲོད་བྱ་རྒྱུ་ཡིན་པའི་གནས་ཚུལ་བཀོད་ཡོད་པ་རེད། བལ་ཡུལ་གཞུང་གིས་རྒྱ་ནག་གཞུང་གི་གནོན་ཤུགས་འོག་བལ་ཡུལ་ས་ཐོག་ཏུ་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་རིགས་སྤེལ་བཅུག་རྒྱུ་མིན་པའི་ཁས་ལེན་བྱས་པ་ལྟར་བོད་དང་ས་འབྲེལ་འཁེལ་ཡུལ་བལ་ཡུལ་གྱི་ས་མཚམས་ཀྱི་སྲུང་སྐྱོབ་ལས་དོན་དམ་བསྒྲགས་ཆེ་རུ་བཏང་སྟེ་བལ་ཡུལ་ནང་དུ་བོད་མི་བྲོས་བྱོལ་བ་ཡོང་མཁན་འགོག་ཐབས་ཀྱི་ཆེད་དུ་དམིགས་པའི་སྲིད་ཇུས་ཞིག་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎