འདི་ལོ་བོད་ནང་གི་གནམ་གཤིས་དྲོད་ཚད་ཚ་ཤོས་དེ་ཆགས་ཡོད་འདུག


2019.06.29
འདི་ལོ་བོད་ནང་གི་གནམ་གཤིས་དྲོད་ཚད་ཚ་ཤོས་དེ་ཆགས་ཡོད་འདུག བོད་ནང་ཕྱི་ལོ་༡༩༨༡ལོ་ནས་བཟུང་གནམ་གཤིས་ཚ་ཚད་ཀྱི་ཟིན་ཐོ་ཉར་རྒྱུ་འགོ་འཛུགས་བྱས་པ་ནས་བཟུང་ད་བར་ཚ་ཚད་ཆེ་རུ་འགྲོ་བཞིན་པ།
ཨེ་པི།

འདི་ལོའི་ཕྱི་ཟླ་༦ཚེས་༢༤ཉིན་ལྷ་ས་དང་།དེ་མིན་བོད་ཀྱི་ས་ཁུལ་ཁག་ཅིག་ནང་གནམ་གཤིས་ཚ་དྲོད་ཆེ་ཤོས་དེ་ཆགས་ཡོད་ལུགས་རྒྱ་ནག་གཞུང་འབྲེལ་གསར་ཤོག་ཤིན་ཧཡེ་ཡིས་གནས་ཚུལ་སྤེལ་བ་ཞིག་ལུང་འདྲེན་བྱས་ནས་བོད་གནས་བསྐྱར་ཞིབ་དུས་དེབ་ནང་གནས་ཚུལ་སྤེལ་བཞག

དེ་ཡང་ཕྱི་ཟླ་༦ཚེས་༢༤ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཚ་ཚད་Celsius ཞེས་པ་༣༠དང་ཚགས་༨བར་སླེབས་ཡོད་པ་དང་། དེ་ནི་ལོ་སྔོན་མའི་རྩིས་ནས་ཚ་ཚད་གྲངས་ཆུང་༤ཙམ་མཐོ་བ་ཡིན་ལུགས་བོད་ཀྱི་གནམ་གཤིས་རྟག་དཔྱད་ལས་ཁང་གིས་བཤད་ཡོད་འདུག དེ་བཞིན་བོད་ཀྱི་གནམ་གཤིས་རྟག་དཔྱད་ལས་ཁང་གིས་འདི་ལོ་ཕྱི་ཟླ་༦ཚེས་ཤར་ནས་བཟུང་ནང་བོད་ནང་ཚ་དྲོད་ཆེ་རུ་ཕྱིན་ཐོག་ཆར་པ་ཧ་ཅང་ཉུང་ཉུང་ལས་འབབ་མེད་པ་དང་། སྤྱི་སྙོམས་ཀྱི་ཆ་ནས་ཕྱི་ཟླ་༦ནང་བོད་ཀྱི་གནམ་གཤིས་ཚ་ཚད་དེ་Celsiusབཅུ་དང་ཚགས་བདུན་ཡིན་པ་དང་།དེ་ནི་ལོ་སྔོན་མའི་རྩིས་ནས་Celsius ཞེས་པ་གྲངས་ཆུང་དྲུག་ཡར་འཕར་བ་ཞིག་ཡིན་འདུག

དེ་བཞིན་གནམ་གཤིས་རྟོག་ཞིབ་ལས་ཁང་གིས་ཐོ་འགོད་གནང་བ་གཞིར་བཟུང་བྱས་ན།འདི་ལོ་ཕྱི་ཟླ་དྲུག་པའི་ནང་ལྷོ་ཁ་ཁུལ་གྱི་གོང་དཀར་རྫོང་དང་།རྒྱ་རྩ་རྫོང་གཉིས་ནང་དེ་སྔ་བྱུང་མྱོང་མེད་པའི་ཧ་ཅང་གནམ་གཤིས་ཚ་དྲོད་ཆེན་པོ་ཆགས་པ་དང་། གོང་དཀར་རྫོང་ནང་ཚ་དྲོད་Celsius༣༡དང་། རྒྱ་རྩ་རྫོང་ནང་ཚ་དྲོད་Celsius ༣༢དང་ཚགས་༦ཆགས་ཡོད་འདུག

ཡང་བོད་ནང་ཆ་སྙོམས་ཀྱི་ཆར་པ་འབབ་ཚད་དེ་སྔ་ལོའི་ཕྱི་ཟླ་དྲུག་པའི་རྩིས་ནས་བརྒྱ་ཆ་༣༠དང་ཕྱེད་ཀ་ཙམ་མར་ཆགས་ཡོད་ལུགས་བོད་ཀྱི་གནམ་གཤིས་རྟག་དཔྱད་ལས་ཁང་གིས་ཟིན་ཐོའི་ནང་བཀོད་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎