༧གོང་ས་མཆོག་གིས་ནོར་ཝེ་རུ་མུ་མཐུད་མཛད་འཕྲིན་སྐྱོང་བཞིན་པ།


2014.05.09
༸གོང་ས་མཆོག་ནས་ནོར་བེའི་རྒྱལ་ས་ཨོ་སི་ལོ་རུ་མཛད་འཕྲིན་སྐྱོང་བཞིན་པ། ༸གོང་ས་མཆོག་གིས་ཨོ་སི་ལོ་གཙུག་ལག་སློབ་ཁང་གི་ཤེ་ཏུ་ནུབ་ Chateau Neuf theatreཞེས་པའི་ཚོགས་ཁང་ཆེན་མོའི་ནང་ཁྱོན་མི་གྲངས་ ༡༠༠༠ བརྒལ་བར་བཀའ་སློབ་སྩོལ་བཞིན་པ།
༸གོང་ས་མཆོག་གི་དྲ་གནས།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནོར་ཝེའི་རྒྱལ་ས་ཨོ་སི་ལོའི་ནང་མང་ཚོགས་ལ་ཆོས་འབྲེལ་དང་བླང་དོར་གྱི་བཀའ་སློབ་གསུང་བཤད་སོགས་མཛད་འཕྲིན་མུ་མཐུད་ནས་སྐྱོང་བཞིན་ཡོད་པའི་སྐོར། དོན་གྲུབ་རྣམ་རྒྱལ་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས༎

 

ཡིག་ཐོག་གསར་འགྱུར།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཚེས༨ཉིན་ནོར་ཝེའི་ཡུལ་གྱི་Buddhist Federation of Norway འམ་ནོར་ཝའི་ནང་པའི་མཐུན་ཚོགས་དང་། ཀརྨ་བཀྲིས་གླིང་ཆོས་ཚོགས་གཉིས་ཀྱིས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། Chateau Neuf ཞེས་པའི་ཚོགས་ཁང་ནང་མི་གྲངས་༡༢༠༠ལྷག་ཙམ་ལ་༧གོང་ས་མཆོག་ནས་དགེ་བཤེས་བླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་གསུང་ཆོས་ཆེད་བསྩལ་འདུག ད་དུང་༧གོང་ས་མཆོག་ནས་ནོར་ཝེའི་ནང་གི་Bishopའམ་ཡི་ཤུའི་ཆོས་དཔོན་ཁག་ཅིག་གི་ལྷན་དུ་ཟུར་མཇལ་བཀའ་གྲོས་གནང་འདུག ཆོས་དཔོན་Helga Haughland མཆོག་ནས་ཡུ་ཤུའི་ཆོས་དཔོན་རྣམས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ནོར་ཝེའི་ནང་ཆིབས་བསྒྱུར་མཛད་པར་འཚམས་འདྲི་དང་། ཁོང་རྣམས་ལྷན་དང་མཇལ་འཕྲད་གནང་པར་དགའ་ཚོར་ཀྱི་ཐུགས་རྗེ་ལེགས་གསོལ་ཞུས་པ་དང་། ༧གོང་ས་མཆོག་གིས་མགོན་པོ་གང་ཉིད་ས་ཕྱོགས་གང་དུ་ཕེབས་སྐབས་ཆོས་ལུགས་གཞན་གྱི་ཆོས་གྲོགས་ལྷན་དང་མཇལ་འཕྲད་གནང་རྒྱུར་ཐུགས་མཉེས་པོ་ཡོད་པ་གསུང་སྟེ་ཆོས་ལུགས་མཐུན་འབྲེལ་གོང་འཕེལ་དེ་བཞིན་༧གོང་ས་མཆོག་གི་དགོངས་གཞི་གཙོ་བོའི་གྲས་ཤིག་ཡིན་པ་གསལ་འདོན་གནང་འདུག རྒྱལ་ས་ཨོས་ལོའི་ནང་ ༧གོང་ས་མཆོག་གི་མཛད་འཆར་མུ་མཐུད་སྐྱོང་བཞིན་པའི་ཁོངས་སུ་ཚེས་༩ཉིན་ Folketeateretཞེས་པའི་ཚོགས་ཁང་ཆེན་མོའི་ནང་Cultivating Compassion in Everyday Life འམ་ཉིན་རེའི་མི་ཚེའི་ནང་བྱམས་བརྩེ་ཉམས་ལེན་དང་འཕེལ་ཐབས་བྱ་ཕྱོགས་ཀྱི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ་གནང་མཛད་ཡོད་པ་རེད། ནོར་ཝའི་རྒྱལ་ས་ཨོས་ལིའི་ནང་གི་མཛད་འཕྲིན་གྲུབ་མཚམས་༧གོང་ས་མཆོག་Netherland རྒྱལ་ཁབ་ཀྱི་Rotterdam གྲོང་ཁྱེར་རུ་ཆེད་ཕེབས་ཀྱིས་དེ་ཁུལ་དུ་ཚེས་༡༡ཉིན་ལམ་གཙོ་རྣམ་གསུམ་གྱི་གསུང་ཆོས་དང་། དེ་བཞིན་ཆོས་དང་འབྲེལ་མེད་བཟང་སྤྱོད་ཀྱི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུ་དང་། དེའི་རྗེས་ཚེས་༡༥ཉིན་Germanyགྲོང་ཁྱེར་Frankfurt རུ་ཆིབས་ཞལ་བསྒྱུར་ཏེ་ཆོས་འབྲེལ་དང་མང་ཚོགས་ལ་གསུང་བཤད་སོགས་མཛད་འཆར་མུ་མཐུད་སྐྱོང་གནང་མཛད་རྒྱུ་ཡིན་པ་རེད།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎