དྷ་སར་ཉིན་བཞིའི་ཆོས་འབྲེལ།


2013.05.31
དྷ་སར་ཉིན་བཞིའི་ཆོས་འབྲེལ། ༧གོང་ས་མཆོག་ནས་དེ་སྔ་རྒྱ་གར་གྱི་དགེ་འདུན་པའི་ཚོགས་ཁག་ཅིག་ལ་ཆོས་འབྲེལ་བསྩལ་སྐབས་ཀྱི་སྐུ་པར།
༸དཔལྡན་སྐུ་སྒེར་ཡིག་ཚང་།

༄༅།    །དེ་ཡང་རྒྱ་གར་གྱི་ནང་པའི་དགེ་འདུན་པའི་ཚོགས་ཁག་ཅིག་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར།    བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་༦ཚེས་༡ནས་༤བར་ཉིན་གྲངས་བཞིའི་རིང་སློབ་དཔོན་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་ཆོས་འབྲེལ་བཀའ་དྲིན་བསྩལ་གནང་མཛད་ཀྱི་ཡོད་པ་རེད།    བཞུགས་སྒར་དུ་ཉིན་བཞི་རིང་གི་གསུང་ཆོས་གྲུབ་པའི་རྗེས་New Zealand དུ་ཆིབས་བསྒྱུར་མཛད་དེ། ཕྱི་ཟླ་དྲུག་པའི་ཚེས་དགུའི་སྔ་དྲོ་New Zealand དུ་བདེན་པ་བཞིའི་བཀའ་ཆོས་བསྕལ་གནང་རྒྱུ་དང། ཉིན་གུང་རྒྱབ་ཏུ་མི་དམངས་ལ་བྱམས་བརྩེའི་སྐོར་ལ་བཀའ་སློབ་བསྕལ་རྒྱུའི་མཛད་འཆར་ཡོད་པ་རེད། དེ་ནས་ཕྱི་ཚེས་༡༡ ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་New Zealand གྱི་ལྷོ་ཕྱོགས་གླིང་ཕྲན་Dunedin ནང་དུ་ཆོས་ལུགས་རིས་མེད་ཀྱི་གནད་དོན་ཁག་གི་ཐོག་ལ་མི་དམངས་ལ་བཀའ་སློབ་བསྕལ་རྒྱུ་ཡིན་ཞིང། དེ་ནི་Dunedin གླིང་ཕྲན་ནང་དུ་ཡོད་པའི་ཆོས་ལུགས་རིས་མེད་ལྷན་ཚོགས་ནས་མཛད་འཆར་གོ་སྒྲིག་ཞུས་པ་ཐེངས་དང་པོ་ཡིན་པ་རེད། །

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎