༸གོང་ས་མཆོག་གིས་ཆོས་འབྲེལ་གསུང་ཆོས་བསྩལ་སྐོར།

༸གོང་ས་མཆོག་གིས་དཔལ་ས་སྐྱིའ་ཆོས་ཚོགས་སུ་ཚེས་བཅུ་ནས་འགོ་ཚུགས་ཀྱིས་ཉིན་གསུམ་རིང་གསུང་ཆོས་བཀྲིན་བསྐྱང་གནང་རྒྱུ་ཡིན་པ་རེད།

2009.07.08

༄༅༎རྒྱ་གར་ཧི་མ་ཅལ་མངའ་སྡེའི་ལཱ་ཧོལ་ཁུལ་དུ་གནས་པའི་དཔལ་ས་སྐྱིའ་ཆོས་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་གནང་བ་བཞིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཟླའི་ཚེས་བཅུ་ནས་འགོ་ཚུགས་ཀྱིས་ཉིན་གསུམ་རིང་གསུང་ཆོས་བཀྲིན་བསྐྱང་གནང་རྒྱུ་ཡིན་པ་རེད།

གོང་ཞུས་དཔལ་ས་སྐྱའི་ཆོས་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་གནང་བཞིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཟླའི་ཚེས་བཅུ་ཉིན་གསུངས་ཆོས་དབུ་ཚུགས་ཀྱིས་ཚེས་བཅུ་གཅིག་དང་བཅུ་གཉིས་ཉིན་གཉིས་རིང་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཆེན་ཞིག་ཀྱང་བསྩལ་གནང་རྒྱུ་ཡིན་པ་རེད། ཡང་གནས་ཚུལ་ནང་མུ་མཐུད་བཀོད་པར་གཞིགས་ན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བདུན་ཅུ་དོན་བཞིར་ཕེབས་པའི་སྐུའི་འཁྲུངས་སྐར་ཚེས་ཕྱི་ཟླ་བདུན་པའི་ཚེས་དྲུག་ཉིན་ཧི་མ་ཅལ་མངའ་སྡེའི་ཁུལ་དུ་གནས་པའི་བོད་མི་དང་ཧི་མ་ཅལ་མངའ་སྡེའི་མི་རིགས་ལ་སོགས་པའི་ཞི་བདེར་དགའ་བའི་མི་མང་ཚོས་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་གནང་ཡོད་པ་རེད། དེ་ག་ནང་བཞིན་ཕྱི་ཚེས་དྲུག་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཁུལ་དུ་གནས་པའི་བོད་མི་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་གནང་བ་དང་སྦྲགས་༸གོང་ས་མཆོག་སྐུ་ཚེ་བརྟན་པའི་གསོལ་འདེབས་ཞུས་གནང་བ་དང་དེའི་ཐོག་༸གོང་ས་མཆོག་གིས་རྒྱ་གར་གྱི་མེས་པོ་ཆེན་པོ་གེན་རྡི་དགོངས་དོན་ལྟར་འཚེ་མེད་ཞི་བ་དང་ཆོས་ལུགས་ཕན་ཚུན་འབྲེལ་བ།མིའི་རིན་ཐང་སོགས་གོང་འཕེལ་གཏོང་དགོས་པའི་བཀའ་སློབ་བཀྲིལ་བསྩལ་གནང་ཡོད་པ་རེད། ད་རེས་ཕྱི་ཚེས་དྲུག་ཉིན་༸གོང་ས་མཆོག་དགུང་གྲངས་༧༤བཞིར་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་དེའི་ཐོག་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་དང་ཞི་བདེར་དགའ་བའི་མི་མང་ཚོས་སྐུའི་འཁྲུངས་སྐར་གྱི་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎