དབུས་བོད་སློབ་འཛིན་ཚོགས་ཀྱི་སྔོན་འགྲོའི་དགེ་རྒན་གྱི་ཟབ་སྦྱོང་།

ས་ར་བོད་ཀྱི་མཐོ་སློབ་ཁང་དུ་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་གི་སྔོན་འགྲོའི་དགེ་རྒན་ཁག་ཅིག་ལ་སློབ་ཁྲིད་ཀྱི་ཟབ་སྦྱོང་།

2012.01.20
༄༅༎དེ་རིང་ཕྱི་ཚེས་༢༠ ཉིན་བཞུགས་སྒར་རྡ་རམ་ས་ལའི་ཉེ་འདབས་སུ་ཆགས་པའི་ས་ར་བོད་ཀྱི་མཐོ་སློབ་ཁང་དུ་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་གི་སྔོན་འགྲོའི་དགེ་རྒན་ཁག་ཅིག་ལ་སློབ་ཁྲིད་ཀྱི་ཟབ་སྦྱོང་འགོ་བཙུགས་གནང་ཡོད་པ་རེད།
དེ་རིང་ཉིན་དང་པོའི་གཟབ་སྦྱོང་འགོ་བཙུགས་སྐབས་སྔ་དྲོ་ས་ར་མཐོ་སློབ་ཁང་གི་ཚོགས་ཁང་དུ་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་དང༌། ཤེས་ཡོན་འགན་འཛིན། ས་ར་མཐོ་སློབ་ཀྱི་སྤྱི་ཁྱབ་འགན་འཛིན། སློབ་གྲ་ཁག་ནས་གཟབ་སྦྱོང་དུ་ཕེབས་པའི་དགེ་རྒན་བཅས་ཁྱོན་མི་གྲངས་༤༠ ལྷག་ལྷན་འཛོམས་ཐོག་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ནས། གཟབ་སྦྱོང་དེ་ལྟ་བུ་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་ངོ་སྤྲོད་གནང་ཡོད་པ་རེད། སྐུ་མགྲོན་ཚོའི་གསུང་བཤད་ནང༌། སྤྱིར་གཟབ་སྦྱོང་དེ་རིགས་མང་པོ་སྤྲོད་ཀྱི་ཡོད་ཀྱང་དེ་ལྟར་རྒྱུན་ལྡན་ཞིག་ཏུ་ངོས་འཛིན་མ་བྱས་པར། གཟབ་སྦྱོང་ནང་ནས་ལེགས་ཆ་བླངས་པ་ཁག་སློབ་གྲ་སོ་སོའི་དབུ་འཛིན་དང་གོ་བསྡུར་ཞུས་ཏེ་ལེགས་པའི་ཆ་རྣམས་བྱ་སྤྱོད་ངོ་མོའི་ཐོག་ལག་ལེན་དོན་འཁྱོལ་ཡོང་བ་བྱ་དགོས་པ་དང༌། བཙན་བྱོལ་དུ་བསྡད་པའི་མི་ལོ་ལྔ་བཅུ་ལྷག་དེའི་ནང་ལ་གྲུབ་འབྲས་ལེགས་ཤོས་དེ་ཤེས་ཡོན་ཐོག་ལ་བྱུང་ཡོད་ཀྱང༌། ཞིབ་ནན་གྱིས་བསྐྱར་ཞིབ་བྱེད་པའི་སྐབས་ད་ལྟའི་བཙན་བྱོལ་ནང་གི་བོད་མིའི་ཤེས་ཡོན་གྱི་གནས་ཚད་དེ་འདོད་བློ་ཚིམ་པ་ཞིག་བྱུང་མེད་པར་བརྟེན། བཙན་བྱོལ་བོད་གཞུང་གི་ཤེས་ཡོན་གྱི་སྲིད་ཇུས་དང༌། བོད་ཀྱི་སྐད་ཡིག་གི་རྨང་གཞི་བརྟན་པོ་ཞིག་ཚུགས་རྒྱུ་། སློབ་མ་ཚོའི་བཟང་སྤྱོད་ཡར་རྒྱས་གཏོང་རྒྱུའི་ས་བོན་གཙོ་བོ་ནི་སྔོན་འགྲོའི་དགེ་རྒན་ཚོ་ཡིན་པ་གསུང་ཡོད་པ་རེད། ད་རེས་གཟབ་སྦྱོང་གི་ལས་གཞི་དེ་བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་བ་ཞིག་དང་དེ་ཡང་ཉིན་གྲངས་༡༥ རིང་གཟབ་སྦྱོང་གནང་རྒྱུ་ཡིན་ཞིང༌། དེའི་ནང་དུ་རྒྱ་གར་ནང་ནས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲ་ཁག་༡༣ ནས་དགེ་རྒན་༣༢ དང༌། ཧི་མ་ལ་ཡའི་སློབ་གྲ་ཁག་ཅིག་ནས་དགེ་རྒན་༦ མཉམ་ཞུགས་གནང་བ་ཚོར། ཤེས་ཡོན་དང༌། ནང་ཆོས། སློབ་མའི་བཟང་སྤྱོད་གོང་འཕེལ་གཏོང་ཐབས། སྔོན་འགྲོའི་ཨང་རྩིས། གླུ་གཞས། བྱིས་པའི་སེམས་ཁམས། བོད་ཡིག་སློབ་ཁྲིད། ཡིག་གཟུགས། ཤེས་ཡོན་སྲིད་ཇུས་བཅས་ཐོག་གཟབ་སྦྱོང་གནང་རྒྱུ་ཡིན་པ་རེད།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎