བཀྲིས་དབང་ཕྱུག་ལགས་སུ་ཁ་བྲལ་གྱི་ཉེས་འཛུགས་བྱས་བ།


2016.03.30
བཀྲིས་དབང་ཕྱུག་ལགས་དེ་སྔ་པེ་ཅིན་ལ་ཞུ་གཏུགས་ཆེད་བསྐྱོད་སྐབས། བཀྲིས་དབང་ཕྱུག་ལགས་དེ་སྔ་པེ་ཅིན་ལ་ཞུ་གཏུགས་ཆེད་བསྐྱོད་སྐབས།
The New York Times

བོད་ཀྱི་སྐད་ཡིག་དར་སྤེལ་གཏོང་རྒྱུར་དོན་གཉེར་གནང་མཁན་ཚོང་པ་བཀྲིས་དབང་ཕྱུག་ལགས་སུ་རྒྱ་ནག་གཞུང་གིས་ཁ་བྲལ་གྱི་ལས་འགུལ་སྤེལ་གྱི་ཡོད་པའི་ཉེས་འཛུགས་བྱས་ཡོད་འདུག
དེ་ཡང་ཨ་མི་རི་ཀའི་སྙན་གྲགས་ཅན་ནེའུ་ཡོག་དུས་བབ་The New York Timesཞེས་པའི་གསར་ཤོག་ནང་དེ་རིང་གནས་ཚུལ་སྤེལ་བར་གཞིགས་ན། ལོ་འདིའི་ཕྱི་ཟླ་དང་པོའི་ཚེས་༢༧་ཉིན། རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་གིས་དོ་དམ་འོག་བཞག་པའི་བོད་ཀྱི་སྐྱེ་རྒུ་མདོ་འམ་རྒྱ་སྐད་དུ་Yushuཞེས་པའི་མངའ་ཁུལ་ནང་བཅའ་བཞུགས་བོད་རིགས་ཚོང་པ་བཀྲིས་དབང་ཕྱུག་ལགས་སུ་རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་སྤེལ་གྱི་ཡོད་པའི་ཉེས་འཛུགས་བྱས་ཡོད་འདུག གོང་ཞུས་གནས་ཚུལ་ནང་སྤེལ་བར་གཞིགས་ན། རྩ་བའི་ཁོང་ཕྱི་ཟླ་དང་པོའི་ནང་འཛིན་བཟུང་བྱས་ཡོད་ཀྱང་། ཕ་མ་སྤུན་མཆེད་ཚོར་བདུན་ཕྲག་འགའ་ཤས་ཕྱིན་པའི་རྗེས་སུ་མ་གཏོགས་བརྡ་ལན་སྤྲད་མེད་པ་ནི་རྒྱ་ནག་གི་ཁྲིམས་དང་འགལ་གྱི་ཡོད་ལུགས་བཀོད་འདུག གང་ལྟར་གོང་ཞུས་གསར་ལས་ཁང་ལ་ཉེན་རྟོག་ལས་ཁུངས་ཀྱི་ཡིག་ཆའི་ཐོག་ནས་ཤེས་རྟོག་བྱུང་བར་ལྟར་ན། ཟླ་བ་གཉིས་ཙམ་རྗེས་སུ་ཁོང་གི་ཐོག་ཁྲིམས་ཐོག་ནས་ཉེས་འཛུགས་བྱས་ཡོད་འདུག
གོང་དུ་ཞུས་པའི་བོད་རིགས་བཀྲིས་དབང་ཕྱུག་ལགས་ནི་མངའ་ཁུལ་དེའི་ནང་། དྲ་རྒྱའི་ཐོག་ནས་མངགས་ཉོ་བྱེད་ཡུལ་གྱི་ཚོང་ཁང་ཞིག་ཡོད་པའི་ཐོག་ནས་འཚོ་བ་སྐྱེལ་གནང་གི་ཡོད་འདུག་པ་དང་། ཁོང་ནས་རྒྱུན་གཏན་བོད་མི་ཚོར་རྒྱ་ནག་གི་རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་ལ་ཐོབ་ཐང་ཡོད་པ་ནང་གསལ་ལྟར། སློབ་གྲྭ་ཁག་གི་ནང་རྒྱ་ཡིག་དང་བོད་ཡིག་གཉིས་ཀ་ཟུང་དུ་སྦྲེལ་བ་ཞིག་དགོས་རྒྱུ་དང་། གྲངས་ཉུང་མི་རིགས་ཀྱི་ཕྲུ་གུ་ཚོས་རང་གི་ཕ་མེས་ཀྱི་སྐད་ཡིག་ཤེས་ཐུབ་པ་དགོས་ཀྱི་འདུག་ཅེས་གསུངས་ནས་འཐབ་རྩོད་གནང་བཞིན་ཡོད་འདུག
དེའི་གོང་ཁོང་ལ་ཨ་རིའི་གོང་ཞུས་ནིའུ་ཡོག་དུས་བབ་ཀྱིས་བཀའ་འདྲི་ཞུས་པའི་སྐབས། ངའི་ངོས་ནས་བོད་རང་བཙན་རྩོད་ཀྱི་མེད། འོན་ཀྱང་རྩ་ཁྲིམས་གཞིར་བཟུང་བོད་མི་ཚོར་ཁ་ཡོད་ལག་ཡོད་ཀྱི་རང་སྐྱོང་གི་གནས་བབ་ཅིག་ཡོད་པའི་ཐོག་ནས་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཐུབ་པ་ཞིག་དགོས་རྒྱུར་རྩོད་ཀྱི་ཡོད་ཅེས་གསུངས་ཡོད་འདུག ཡང་གོང་ཞུས་གནས་ཚུལ་ནང་མུ་མཐུད་བཀོད་པར་ལྟར་ན། ཁེ་ན་ཊའི་སྨྲ་བརྗོད་རང་དབང་གི་གསར་འགོད་མཐུན་ཚོགས་ནས། རྒྱ་ནག་གི་སྲིད་འཛིན་ཨ་རིའི་ནང་ཕེབས་པའི་སྐབས་ཨ་རིའི་སྲིད་འཛིན་མཆོག་གིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་བཀའ་མོལ་གནང་རྒྱུར་ངེས་པས་སྐབས་དེར་བཀྲིས་དབང་ཕྱུག་ལགས་ཀྱི་གནས་སྟངས་སྐོར་ཡང་གླེང་སློང་ཡོང་བའི་འབོད་སྐུལ་ཞུ་འཆར་ཡོད་འདུག།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།
ནེའུ་ཡོག་དུས་བབ་ཀྱིས་བཀྲ་ཤིས་དབང་ཕྱུགས་ལགས་ཀྱི་ཞུ་གཏུགས་དང་འབྲེལ་བའི་བརྙན་འཕྲིན་གསར་འགྱུར་གཤམ་གྱི་དྲ་ཐག་ནས་གཟིགས་ཐུབ།

འདིར་གནོན>>>The New York Time

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎