སྐད་ཡིག་གི་ཐོབ་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུགས་ལགས་གློད་དགོས།


2018.05.08
སྐད་ཡིག་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་གི་ཉེ་པར། སྐད་ཡིག་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་གི་ཉེ་པར།
liangxiaojun

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྒྱ་ནག་གཞུང་ལ་བཀྲིས་དབང་ཕྱུག་ལགས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་ལུགས་འབོད་སྐུལ་གནང་འདུག
དེ་ཡང་ཕྱི་ཟླ་ ༥ ཚེས་༧་ཉིན་མོ་འདི་ནི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དོན་གཉེར་བ་བཀྲིས་དབང་ཕྱུག་ལགས་ཀྱི་སྐྱེས་སྐར་དུས་ཚིགས་ཡིན་ནའང་། ཁོང་རྒྱ་ནག་གཞུང་གི་དོ་དམ་འོག་ཡོད་པར་བརྟེན་དུས་ཚིགས་དང་སྟབས་བསྟུན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའམ་(Amnesty International) ཡིས་རྒྱ་ནག་གཞུང་ལ་ཁོང་འཕྲལ་དུ་གློད་བཀྲོལ་གཏོང་དགོས་ལུགས་སྤྱི་བསྒྲགས་ཞིག་སྤེལ་བའི་ནང་འབོད་སྐུལ་གནང་འདུག སྤྱི་བསྒྲགས་དེའི་ནང་། བཀྲིས་དབང་ཕྱུགས་ལགས་ནས་བོད་ཀྱི་སྐད་དང་ཡིག་གེ་སྲུང་སྐྱོབ་བྱེད་དགོས་ལུགས་རྒྱ་ནག་གཞུང་གི་རྩ་ཁྲིམས་དང་ལུགས་མཐུན་གྱི་འབྲེལ་ཡོད་ལས་ཁུངས་སུ་ཞུ་གཏུགས་བྱས་པ་མ་ཟད། ཁོང་གི་ལས་འགུལ་སྐོར་ཨ་རིའི་ནིའུ་ཡོག་དུས་བབ་ཞེས་པའི་གསར་འགྱུར་བརྒྱུད་ལམ་ནང་བརྙན་འཕྲིན་བརྒྱུད་ཕྱི་བསྒྲགས་བྱས་པའི་དོན་རྐྱེན་འོག་ཕྱི་ལོ་ ༢༠༡༦ ལོར་འཛིན་བཟུང་དོ་དམ་བྱས་པའི་མཐར་ལོ་འདིའི་ཕྱི་ཟླ་དང་པོའི་ནང་ཁྲིམས་བཤེར་བྱས་ཡོད་ཀྱང་ད་ལྟ་བར་དམིགས་བསལ་ཁྲིམས་ཐག་བཅད་མེད་པ་རེད་། འོན་ཀྱང་གལ་སྲིད་ནག་ཉེས་ཕོག་པ་ཡིན་ན་ལོ་ངོ་བཅོ་ལྔ་ཙམ་གྱི་བཙོན་བཅུག་བྱེད་སྲིད་པ་རེད་ཅེས་དང་།  རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་བཀྲིས་དབང་ཕྱུག་ལགས་ཀྱིས་ད་པའི་སྐད་དང་ཡིག་གེ་སྲུང་སྐྱོབ་བྱེད་སྟངས་ནི་རྒྱ་ནག་གཞུང་གི་ཁྲིམས་ལུགས་གཞིར་བཟུང་འཐབ་རྩོད་བྱས་པའི་བརྒྱུད་རིམ་རྣམས་ལུང་འདྲེན་གནང་ཏེ་རྒྱ་ནག་གཞུང་གིས་བཀྲིས་དབང་ཕྱུག་ལགས་ཆ་རྐྱེན་དང་གནོན་ཤུགས་མེད་པའི་ཐོག་ནས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་བཀོད་འདུག་ལ།  རྒྱ་ནག་གཞུང་གིས་བཀྲིས་དབང་ཕྱུག་ལགས་བཙོན་བཅུག་ཐོག་ཁ་བཀག་ནས་བོད་མི་ཚོས་རང་གི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་བྱེད་རྒྱུའི་འཐབ་རྩོད་རྩ་མེད་བཟོ་ཐུབ་ཀྱི་རེད་བསམ་པ་དེ་ནི་ནོར་འཁྲུལ་ཞིག་རེད་ཅེས་དང་། རྒྱ་ནག་གཞུང་ནས་གིས་རྒྱལལ་ཁབ་དང་མི་རིགས་ཚང་མ་མཐུན་སྒྲིལ་བཟོ་ལུགས་ལ་ཁ་གཡར་སྟེ།  གྲངས་ཉུང་མི་རིགས་ཀྱི་ཕྲུ་གུ་ཚོའི་ཐོག་རྒྱ་སྐད་སྦྱོང་དགོས་པ་གནོན་ཤུགས་སྤྲད་ནས་ཤེས་ཡོན་ལམ་ལུགས་གུ་དྭོགས་པོ་བཟོ་ཐབས་ཀྱི་སྲིད་ཇུས་ལ་སྐྱོན་བརྗོད་ཀྱང་བྱས་འདུག

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎