རྔ་བ་ནས་བཀྲ་ཤིས་ཀྱིས་བོད་དོན་སྐད་འབོད་དང་འཇུ་བཟུང་།


2015.10.30
རྔ་བ་ཕྱོགས་སུ་བསྟུད་མར་བོད་དོན་སྐད་འབོད་ཀྱི་གནས་ཚུལ་བྱུང་བར་རྒྱ་ནག་གིས་དམ་དྲག ༢༠༡༥།༩།༡༣ རྔ་བ་ཕྱོགས་སུ་བསྟུད་མར་བོད་དོན་སྐད་འབོད་ཀྱི་གནས་ཚུལ་བྱུང་བར་རྒྱ་ནག་གིས་དམ་དྲག ༢༠༡༥།༩།༡༣
བོད་འབྱོར།

མདོ་སྨད་རྔ་བ་རྫོང་མཁར་ནས་བཀྲ་ཤིས་ཀྱིས་བོད་ལ་རང་དབང་དགོས་བའི་བོད་དོན་སྐད་འབོད་གནང་རྗེས་འཇུ་བཟུང་བྱས་འདུག
དེ་ཡང་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པས་འདི་གར་གནས་ཚུལ་བཏང་བ་ལྟར་ན། ཕྱི་ལོ་༢༠༡༥ཟླ་༡༠ཚེས་༢༦ཉིན་མདོ་སྨད་རྔ་པ་རྫོང་མཁར་གྱི་གཞུང་ལམ་དུ་བོད་མི་བཀྲ་ཤིས་ཀྱིས་༧གོང་ས་མཆོག་གི་སྐུ་པར་ཞིག་ཕྱག་ཏུ་བཟུང་ནས་༼བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་༽ཞེས་བོད་དོན་ཆེད་རྔམ་སྟོན་སྐད་འབོད་གནང་ཡོད་པ་དང་། སྐད་འབོད་ཞི་བའི་གོམ་བགྲོད་བྱས་ནས་ཅང་མ་འགོར་ས་གནས་སུ་ཡོད་པའི་ཉེན་རྟོག་མི་སྣས་འཛིན་བཟུང་བཙན་ཁྲིད་ཀྱིས་ད་ལྟ་རྔ་པ་རྫོང་དུ་བཀག་ཉར་བྱས་ཡོད་འདུག
ལོ་ན་༣༡ཙམ་ཡིན་པའི་བཀྲ་ཤིས་ནི་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་ལྔ་པའི་ཐག་བཀྲ་ཚང་གི་མག་པ་ཡིན་ཞིང་། བཟའ་ཟླ་སྐལ་པེ་དང་ཁོང་གཉིས་ལ་བུ་གཉིས་དང་བུ་མོ་གཉིས་བཅས་ཕྲུ་གུ་བཞི་ཡོད་ཅིང་ཕྲུ་གུ་གཉིས་རྨེའུ་རུ་མ་ཡུལ་ཚོའི་སློབ་གྲྭར་འགྲོ་བཞིན་ཡོད་འདུག
དེ་བཞིན་ཉེ་བའི་ནང་མདོ་སྨད་རྔ་བ་ཕྱོགས་སུ་བསྟུད་མར་བོད་མི་ཚོ་ཁྲོམ་གཞུང་ལ་བུད་ནས་བོད་དོན་སྐད་འབོད་ཡང་ཡང་གནང་བར་བརྟེན། ཕྱི་ཟླ་༩ཚེས་༡༠ནས་རྔ་པ་རྫོང་གི་གཞུང་འབྲེལ་གྱི་ལས་ཁུངས་ཁག་ལས་གཞན་དྲ་ལམ་ཡོངས་རྫོགས་བཀག་སྡོམ་བྱས་ཏེ་ད་ལྟ་ཡང་དྲ་སྒོ་ཕྱེས་མེད་པ་དང་། རྫོང་མཁར་ཡོངས་ལ་ཉེན་རྟོག་པས་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་དུས་རྟག་ཏུ་བྱ་ར་བྱེད་མུས་ཡིན་འདུག

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎