བོད་རང་སྐྱོང་ལྗོངས་ཟེར་བའི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ཝང་ཅུན་ཀྲེང་དང་རྒྱ་ནག་གིས་བསྐོ་བཞག་བྱས་པའི་པན་ཆེན་གཉིས་ཐུག་འདུག

2024.06.29
བོད་རང་སྐྱོང་ལྗོངས་ཟེར་བའི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ཝང་ཅུན་ཀྲེང་དང་རྒྱ་ནག་གིས་བསྐོ་བཞག་བྱས་པའི་པན་ཆེན་གཉིས་ཐུག་འདུག
ནོར་སྡེ།

ཞི་ཅིན་ཕེན་གྱིས་བོད་ཐོག་འཛིན་པའི་སྲིད་བྱུས་རྣམས་བསྐྱར་བཟློས་ཀྱིས་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་ཙམ་ལས་དོན་འབྲས་ཐོན་གྱི་མེད་པའི་སྐོར་བོད་གནས་ཉམས་ཞིབ་པས་གསུངས་འདུག

ཟླ་འདིའི་ཕྱི་ཚེས་༢༨ཉིན་རྒྱ་ནག་གཞུང་འབྲེལ་བོད་ལྗོངས་ཉིན་རེའི་ཚགས་པར་ཟེར་བའི་དྲ་ལམ་དུ་གནས་ཚུལ་སྤེལ་ནས།ཟླ་བ་འདིའི་ཚེས་༢༦ཉིན་རྒྱ་ནག་གིས་བསྐོ་བཞག་བྱས་པའི་པན་ཆེན་རྒྱལ་མཚན་ནོར་བུ་བོད་ནང་རྟོག་ཞིབ་དང་ཆོས་ལུགས་ཀྱི་མཛད་སྒོ་སྤེལ་བར་ཕེབས་སྐབས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་རྒྱ་ནག་གི་ཆེས་མཐོའི་དབང་འཛིན་པ་སྟེ་དམར་ཤོག་ཚོགས་པའི་དྲུང་ཆེ་ཝང་ཅུན་ཀྲིན་ནས་དགའ་བསུའི་སྣེ་ལེན་བྱས་ཏེ་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བྱེད་དགོས་བ་།ཁ་བྲལ་ལ་ངོ་རྒོལ། བོད་བརྒྱུད་ནང་བསྟན་གྱིས་མི་རིགས་ཕན་ཚུན་འགྲོ་འོང་དང་། ཉམས་མྱོང་སྤེལ་རེས་ཀྱིས་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་གྱི་འདུ་ཤེས་ཟམ་མི་ཆད་པར་བརྟན་དུ་གཏོང་བ་དགོས་བ་སོགས་ཀྱི་སྐུལ་འདེད་བྱས་པའི་སྐོར་གསར་འགྱུར་ནང་བཀོད་ཡོད་པ་རེད་།ཡིན་ནའང་གནད་དོན་དེའི་བོད་གནས་ཉམས་ཞིབ་པ་དང་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་བོད་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་ཀྱིས། དེ་ནི་རྒྱ་ནག་རང་ཉིད་ཀྱིས་འདེམས་པའི་སྐུ་ཚབ་བརྒྱུད་ཞིས་ཅིན་ཕེན་གྱི་ནམ་རྒྱུན་གྱི་སྐད་ཆ་བསྐྱར་བཟློས་བྱེད་དུ་བཅུག་པ་ཙམ་རེད་ཅེས་དང་། དེ་བཞིན་རྒྱ་ནག་གིས་བསྐོ་བཞག་བྱས་པའི་པན་ཆེན་བེད་སྤྱོད་ཀྱིས་བོད་ཀྱི་གནས་སྟངས་ལོག་འགྲེལ་དང་། བོད་མི་མང་གི་སེམས་ནང་རྨ་ཁ་བཟོས་བ་མ་གཏོགས་དེས་གྲུབ་འབྲས་ཐོན་གྱི་མེད་ཅེས་འགྲེལ་བརྗོད་གནང་བྱུང་།

དེ་བཞིན་རྒྱ་ནག་གི་གསར་འགྱུར་ནང་རྒྱ་ནག་གི་པཎ་ཆེན་ནས་ད་ཐེངས་ཁོང་བོད་དུ་བརྟག་ཞིབ་ལ་ཡོང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་དངོས་སུ་ཚོར་བ་དང་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ཏེ་་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་།དམར་ཤོག་ཚོགས་པའི་སྲིད་ཇུས་དྲིལ་བསྒྲགས་ཡག་པོ་བྱས་ཏེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་པོ་ཡོང་བར་ལེགས་སྐྱེས་འབུལ་གྱི་ཡིན་ཚུལ་གྱི་རྣམ་འགྱུར་བསྟན་ཚུལ་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ནང་བཀོད་འདུག

ཡིན་ནའང་ཉེ་ཆར་གྱི་ཕྱི་ཚེས་༢༦ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཕྱི་ལོ་༢༠༢༣ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་འགྲེལ་སྤེལ་བྱས་པའི་ནང་།རྒྱ་ནག་གཞུང་གིས་བོད་མི་ནང་ཆོས་ལ་དད་པ་བྱེད་མཁན་དང་ཁ་ཆེའི་དད་ལྡན་པ།ཧྥུ་ལུང་གོང་ཆོས་འཁོར་སྒྲུབ་པའི་ཐོག་སྔར་བཞིན་དམ་དྲག་ཤུགས་ཆེན་བྱས་ཏེ་།ཚན་རྩལ་ཡོ་ཆས་བཀོལ་ནས་ལྟ་རྟོག་རྗེས་འདེད་།བསུན་གཙེར་བཟོ་བ་།འཛིན་བཟུང་བཀག་སྐྱིལ་བྱེད་པ།ནང་མིར་གནོན་ཤུགས་སྤྲོད་བཞིན་པ་སོགས་ཀྱི་གནས་སྟངས་གསལ་སྟོན་གནང་ཡོད་པ་མ་ཟད་།བོད་མི་ནང་ཆོས་ལ་དད་པ་བྱེད་མཁན་ཚོས་༸གོང་ས་༸སྐྱབས་མགོན ཆེན་པོ་མཆོག་གི་སྐུ་པར་ཉར་ཚགས་བྱེད་མི་ཆོག་པ། བོད་པའི་ཕྲུ་གུ་ཚོ་དགོན་པར་གྲྭ་བ་བྱེད་མི་ཆོག་པའི་ཁར། བཅའ་སྡོད་སློབ་གྲྭར་བསྐྱེལ་ཏེ་རྒྱ་བསྒྱུར་སློབ་གསོ་སྤྲོད་ཀྱི་ཡོད་པའི་གནས་སྟངས་གསལ་འདོན་གནང་འདུག

གསར་འགོད་པ་།ལྕགས་མོ་མཚོ།

རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲྭ་ཐོག་རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎