རྒྱ་གཞུང་དང་ལྟ་བ་མི་མཐུན་པ་ཚོར་བཟོད་བསྲན་དགོས་པའི་རེ་བ།

ཐའེ་ལྦན་གྱི་སྲིད་འཛིན་ནས་རྒྱ་གཞུང་ལ་སྲིད་དོན་གྱི་ལྟ་བ་མི་མཐུན་པ་འཛིན་མཁན་ཚོར་བཟོད་བསྲན་གནང་དགོས་ཀྱི་ཡོད་པའི་སྐུལ་མ།

2009.12.27

༄༅༎ཐའེ་ལྦན་གྱི་སྲིད་འཛིན་མཱ་ཡན་ཇུ་ཡིས་རྒྱ་ནག་གཞུང་ལ་སྲིད་དོན་ཀྱི་ལྟ་བ་མི་མཐུན་པ་འཛིན་མཁན་ཚོར་བཟོད་བསྲན་གནང་དགོས་ཀྱི་ཡོད་པའི་སྐུལ་མ་གནང་ཡོད་པ་རེད་ དེ་ནི་གཙོ་བོ་ཐའེ་ལྦན་ནང་གི་བརྒྱུད་ལམ་ཁག་གིས་སྲིད་འཛིན་མཱ་ཡན་ཇུ་ལ་རྒྱ་ནག་གཞུང་གིས་རྒྱ་ནག་གཞུང་དང་སྲིད་དོན་གྱི་ལྟ་བ་མི་མཐུན་པ་འཛིན་མཁན་སྐུ་ཞབས་ལིའུ་ཤའོ་ཕུའུ་ལ་ལོ་བཅུ་གཅིག་གི་ཁྲིམས་ཆད་བཏང་བའི་ཐད་དགོངས་ཚུལ་བཀའ་དྲིས་ཞུས་པའི་བཀའ་ལན་དུ་ཁོང་གིས་རྒྱ་ནག་གཞུང་ལ་གཞུང་དང་སྲིད་དོན་གྱི་ལྟ་བ་མཐུན་པ་འཛིན་མཁན་ཚོར་བཟོད་བསྲན་གནང་དགོས་ཀྱི་རེད་ཅེས་གསུངས་ཡོད་པ་རེད་

དེ་ཡང་ཁོང་གིས་ཁོང་སྐུ་སྒེར་ལ་མཚོན་ན་སྲིད་ཞུའི་ལས་འཁུར་ནང་རྒྱུན་དུ་ནས་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ སྲུང་སྐྱོབ་ཀྱི་ལས་དོན་ལ་འབད་བཙོན་ཞུ་མཁན་ཞིག་ཡིན་ཞེས་དང་ངས་རྒྱ་ནག་གཞུང་ལའང་རྒྱ་ནག་ནང་ཞི་བའི་ངང་སྲིད་དོན་གྱི་དགོངས་ཚུལ་མི་མཐུན་པ་བཏོན་མཁན་ཚོར་བཟོད་བསྲན་གནང་དགོས་པའི་སྐུལ་མ་ཞུ་ཡི་ཡོད་ཅེས་གསུངས་ཡོད་པ་རེད་

དགུང་གྲངས་༥༣་ལ་ཕེབས་པའི་སྐུ་ཞབས་ལིའུ་ཤའོ་ཕུའུ་ནི་སྔ་ལོ་རྒྱ་ནག་གཞུང་ལ་ཆབ་སྲིད་ཚོགས་པ་གཅིག་གི་དབང་འཛིན་མིན་པར་ཡུལ་ནང་དམངས་གཙོ་དང་ཆབ་སྲིད་ཀྱི་རང་དབང་སྤྲོད་དགོས་པའི་ཉིས་སྟོང་བརྒྱད་ཀྱི་དམངས་གཙོའི་བསྒྲགས་གཏམ་ཞེས་པའི་རྩ་དོན་ཡིག་ཆ་ ཟིན་བྲིས་གནང་མཁན་དེ་ཡིན་པ་དང་རྒྱ་ནག་གཞུང་གིས་ཁོང་ནས་མང་ཚོགས་ལ་ངན་སྐུལ་གྱིས་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་བསློག་རྒྱུའི་ ངན་བྱུས་སྒྲིག་གི་ཡོད་པའི་ཉེས་བཙུགས་བྱས་ཏེ་ཕྱི་ཚེས་ཉི་ཤུ་ལྔ་ཉིན་ཁོང་ལ་ལོ་བཅིུག་གི་བཙོན་བཅུག་གི་ཁྲིམས་ཆད་བཏང་ཡོད་པ་རེད་

ཐའེ་ལྦན་གྱི་ཕྱོགས་འགལ་དམངས་གཙོ་ཡར་ཐོན་ཚོགས་པས་སྲིད་འཛིན་མཱ་ཡན་ཇུ་གིས་རྒྱ་ནག་གཞུང་ལ་འབྲེལ་བ་ཡར་རྒྱས་བཏོང་རྒྱུ་གཙོ་བཟུང་གིས་རྒྱ་ནག་གཞུང་གིས་་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་སྤྱོད་ཚུལ་ལ་དོ་འཁུར་གནང་གི་མེད་པའི་སྐྱོན་བཙུགས་བྱེད་ཀྱི་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎