ཐའེ་ལྦན་ནི་ད་ལྟའི་གནས་སྟངས་སུ་མུ་མཐུད་སྡོད་རྒྱུའི་སྐོར།

ཐའེ་ལྦན་གྱི་སྲིད་འཛིན་མའ་དབྱིངས་ཇིའུ་མཆོག་གིས་ཐའེ་ལྦན་དང་རྒྱ་ནག་སྐམ་ས་གཅིག་གྱུར་ཐད་འགྱུར་བ་མེད་སྐོར་གསལ་བཤད་གནང་ཡོད་པ།

2009.06.17

༄༅༎ཐའེ་ལྦན་གྱི་སྲིད་འཛིན་མའ་དབྱིངས་ཇིའུ་མཆོག་གིས་ཐའེ་ལྦན་དང་རྒྱ་ནག་སྐམ་ས་གཅིག་གྱུར་ཐད་འགྱུར་བ་མེད་སྐོར་གསལ་བཤད་གནང་ཡོད་པ་རེད།

དེ་ཡང་ཐའེ་ལྦན་གྱི་སྲིད་འཛིན་མའ་དབྱིངས་ཇིའུ་མཆོག་གིས་བར་སྐབས་ཤིག་ལ་ཐའེ་ལྦན་གྱི་རྒྱལ་ས་ཐའེ་པེ་ནང་རྟེན་གཞི་བྱས་པའི་སྙན་དེབ་ཅིག་ལ་རྒྱ་ནག་གཅིག་གྱུར་གྱི་རྩ་དོན་སྒྲུབ་སྲིད་པ་རེད་ཅེས་བརྗོད་ཡོད་པ་དེའི་ཐོག་ཐའེ་ལྦན་ནང་གི་སྲིད་དོན་ཐོག་ཚོད་དཔག་གནང་མཁན་དང་དབྱེ་ཞིབ་པ་ཁག་ཅིག་གིས་སྲིད་འཛིན་མའ་དབྱིངས་ཇིའུ་མཆོག་གིས་རྒྱ་ནག་གི་དམིགས་ཡུལ་ལྟར་ཐའེ་ལྦན་དང་རྒྱ་ནག་ཟླ་སྒྲིལ་གཏོང་རྒྱུའི་ཁ་ཕྱོགས་སུ་བསྒྱུར་རྒྱུའི་འདུན་པ་ཆེན་པོ་ཡོད་པ་རེད་ཅེས་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད། ཡིན་ནའང་ཐའེ་ལྦན་སྲིད་འཛིན་གྱི་མགྲིན་ཚབ་པ་ལྦང་ཡིས་གསར་འགོད་པར་གསལ་སྟོན་གནང་བར་གཞིགས་ན་སྲིད་འཛིན་མའ་དབྱིངས་ཇིའུ་མཆོག་གིས་ཐའེ་ལྦན་སྙན་དེབ་ཐོག་གསུངས་པ་དེ་དག་ཐའེ་ལྦན་དང་རྒྱ་ནག་སྐམ་ས་གཅིག་གྱུར་གནང་རྒྱུའི་འདུན་པ་ཡོད་པ་ཞིག་མ་ཡིན་པར་དེ་ནི་སྲིད་དོན་དབྱེ་ཞིབ་པ་ཚོས་གོ་ནོར་ཐེབས་པའི་གནས་སྟངས་སུ་གྱུར་ཡོད་ལུགས་གསལ་སྟོན་གནང་བ་མ་ཟད་སྲིད་འཛིན་མའ་དབྱིངས་ཇིའུ་མཆོག་གིས་ཐའེ་ལྦན་དེ་བཞིན་ད་ལྟའི་གནས་སྟངས་སུ་རྒྱུན་གནས་གནང་རྒྱུ་ཡིན་པ་མ་ཟད་མ་འོངས་ཐའེ་ལྦན་གྱི་ཐག་གཅོད་དེ་ཐའེ་ལྦན་མི་མང་ས་ཡ་ཉི་ཤུ་རྩ་གསུམ་གྱི་ལག་ཏུ་གནས་ཡོད་ལུགས་བརྗོད་གནང་གི་ཡོད་པ་རེད་ཅེས་དེ་རིང་རེས་གཟའ་ལྷག་པའི་ཉིན་གསལ་སྟོན་གནང་བཞག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎