ཐའེ་ལྦན་གྱི་སྲིད་འཛིན་ས་ཡོམ་རྒྱབ་ཡུལ་ཧེ་ཀྲིའི་ལ་ཕེབས་འཆར།

ཐའེ་ལྦན་གྱི་སྲིད་འཛིན་ས་ཡོམ་རྒྱབ་ཡུལ་ཧེ་ཀྲི་རུ་ཕེབས་སྐབས་ཕར་ལམ་དང་ཚུར་ལམ་སོ་སོར་ཨ་རིའི་ནང་དགོང་མོ་གཅིག་བཞུགས་རྒྱུ།

2010.01.20

༄༅༎ཐའེ་ལྦན་གྱི་སྲིད་འཛིན་མའ་དབྱིང་ཇའུ་མཆོག་གཟའ་འཁོར་རྗེས་མ་ས་ཡོམ་གྱི་གནོད་འཚེ་ཕོག་ཡུལ་ཧེ་ཀྲི་རུ་ཕེབས་འཆར་ཡོད་ཅིང་ དེའི་སྐབས་ཕར་ལམ་དང་ཚུར་ལམ་སོ་སོར་ཨ་རིའི་ནང་དགོང་མོ་གཅིག་བཞུགས་རྒྱུ་ཡིན་པའི་སྐོར་གཟའ་ལྷག་པའི་ཉིན་ཐའེ་ལྦན་གྱི་དཔོན་རིགས་ནས་ཕྱིར་བསྒྲགས་གནང་འདུག   

ཐའེ་ལྦན་གྱི་སྲིད་འཛིན་ཕྱི་རྒྱལ་དུ་ཕེབས་ཞོར་ཨ་རི་བརྒྱུད་ནས་ཕེབས་རྒྱུའི་ཐག་གཅོད་དེ་ནི་རྒྱ་ནག་ཁོང་ཁྲོ་ལངས་མིན་ཚོད་ལྟ་ཞིག་ཡིན་ཞིང་  ཉེ་བའི་ཆར་རྒྱ་ནག་དང་ཨ་རིའི་དབར་ཨ་རིས་ཐའེ་ལྦན་ལ་གོ་མཚོན་ཕྱིར་ཚོང་བྱེད་ཡས་དང་དེ་བཞིན་ཡུལ་གཉིས་དབར་ཚོང་དོན་དང་འཁོར་ཡུག་གནད་དོན་ ཉིན་ཤས་གོང་དྲ་རྒྱའི་ཚོང་ལས་ཁང་གུའུ་གལ་གྱི་གནད་དོན་སོགས་ཀྱི་ཐོག་ཕན་ཚུན་རྩོད་གླེང་ཡོད་བཞིན་པར་བརྟེན་ནས་  ད་རེས་ཐའེ་ལྦན་གྱི་སྲིད་འཛིན་ཨ་རི་བརྒྱུད་ནས་ཧེ་ཀྲི་ནང་ཕེབས་རྒྱུ་དེས་རྒྱ་ནག་བསྐྱར་དུ་ཁོང་ཁྲོ་ལངས་གཞི་ཞིག་ཆགས་སྲིད་པ་གནད་དོན་དབྱེ་ཞིབ་པ་ཚོས་གསུང་གི་ཡོད་པ་རེད་ ཨ་རི་གཞུང་གིས་འདས་པའི་ལོ་ངོ་མང་པོའི་རིང་རྒྱ་ནག་དང་ཨ་རིའི་དབར་གྱི་འབྲེལ་ལམ་ལ་གནོད་ཚབས་མི་ཡོང་རྒྱུའི་ཆེད་ཐའེ་ལྦན་ལས་ཐོག་སྲིད་འཛིན་ཨ་རིའི་ནང་འཚམས་གཟིགས་སོགས་སུ་ཕེབས་རྒྱུར་ཁས་ལེན་གནང་གི་མེད་པ་དང་    ཡིན་ནའི་ཐའེ་ལྦན་གཞུང་གིས་ཡུལ་དེའི་སྲིད་འཛིན་ཕྱི་རྒྱལ་ཡུལ་ཁག་གཞན་དུ་ཕེབས་པའི་སྐབས་ཨ་རི་བརྒྱུད་ནས་ཕེབས་རྒྱུའི་གོ་སྐབས་ལེན་ནས་ཨ་རིའི་ནང་འཁྱུགས་ཙམ་བཞུགས་རིང་ཐའེ་ལྦན་ལ་རྒྱབ་སྐྱོར་གནང་མཁན་གྱི་ཨ་རིའི་འབྲེལ་ཡོད་གྲོས་ཚོགས་འཐུས་མི་དང་དཔོན་རིགས་ཚོང་དོན་མི་སྣ་སོགས་དང་མཇལ་འཕྲད་གནང་གི་ཡོད་པ་རེད་ ད་རེས་ཐའེ་ལྦན་གྱི་སྲིད་འཛིན་མའ་དབྱིང་ཇའུ་གཟའ་འཁོར་རྗེས་མའི་གཟའ་ཟླ་བ་དང་གཟའ་ཕུར་བུའི་དགོང་མོ་ཨ་རིའི་གྲོང་ཁྱེར་སེན་ཕེ་རེན་སི་སི་ཀོ་དང་ལོ་སི་ཨེན་ཇེ་ལེ་སི་ནང་བཞུགས་བཞག་གནང་ཏེ་འབྲེལ་ཡོད་མི་སྣ་དང་ཐུག་འཕྲད་གནང་རྒྱུའི་འཆར་གཞི་ཡོད་པ་དང་ཐའེ་ལྦན་གྱི་སྲིད་འཛིན་ད་རེས་ཌོ་མི་ནི་ཁེན་རི་པབ་ལིཀ་ཡུལ་དུ་འཁྱུགས་ཙམ་བཞུགས་ནས་གཙོ་བོ་ཧེ་ཀྲི་ཡུལ་དུ་ས་ཡོམ་གྱི་གནོད་འཚེ་ཕོག་མི་ཚོར་རོགས་རམ་དངོས་ཟོག་བསྐྱལ་བ་དང་འབྲེལ་ཡུལ་དེའི་གཞུང་དམངས་གཉིས་ལ་ཐུགས་གསོའི་འཚམས་འདྲིར་ཕེབས་པ་ཞིག་ཡིན་པའི་སྐོར་ཐའེ་ལྦན་གཞུང་གི་མགྲིན་ཚབ་པས་གསུངས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎