ཐའེ་ལྦན་གྱིས་རྒྱ་ནག་དང་ཚོང་འབྲེལ་གྲོས་མོལ་ཕྱིར་འགྱངས།

ཐའེ་ལྦན་གྱིས་རྒྱ་ནག་དང་ཚོང་འབྲེལ་ཐོག་གྲོས་མོལ་གནང་རྒྱུའི་ལས་འཆར་དེ་ཕྱིར་འགྱངས་གནང་ཡོད་པ་རེད།

2009.10.19

༄༅༎ཐའེ་ལྦན་གྱིས་རྒྱ་ནག་དང་ཚོང་འབྲེལ་ཐོག་གྲོས་མོལ་གནང་རྒྱུའི་ལས་འཆར་དེ་ཕྱིར་འགྱངས་གནང་ཡོད་པ་རེད། ཐའེ་ལྦན་གྱི་ཕྱི་འབྲེལ་ཚོང་དོན་ལས་ཁང་གི་འགན་འཛིན་དང་ཚོང་དོན་སྐུ་ཚབ་འཐུས་མིའི་འགོ་འཁྲིད་སྐུ་ཞབས་ཧུའང་ཁྲི་ཕེང་ཡིས་སྔོན་འཆར་རྒྱ་ནག་གི་ས་ཐོག་གནང་རྒྱུའི་ཚོང་འབྲེལ་གྱི་གྲོས་མོལ་དེ་ཟླ་བ་རྗེས་མ་བར་དུས་འགྱང་གནང་སྐོར་གསུངས་འདུག ཁོང་གིས་དེང་སྐབས་ཐའེ་ལྦན་གཞུང་གི་སྔོན་རྩིས་འཆར་གཞི་ཁག་གྲོས་ཚོགས་ནང་བསྐྱར་ཞིབ་གནང་བཞིན་པར་བརྟེན་ང་ཚོས་རྒྱ་ནག་དང་ཚོང་འབྲེལ་ཐོག་གྲོས་མོལ་གནང་རྒྱུའི་ལས་འཆར་དེ་ཟླ་བ་རྗེས་མ་བར་དུ་དུས་འགྱང་གནང་བ་ཡིན་ཞེས་གསུངས་འདུག རྒྱ་ནག་གཞུང་དང་མཐུན་འབྲེལ་ཤུགས་ཆེ་བྱེད་པའི་ཐའེ་ལྦན་གྱི་དལྟའི་གཞུང་དེས་གལ་སྲིད་རྒྱ་ནག་གཞུང་དང་ཚོང་འབྲེལ་གྱི་གྲོས་མཐུན་ཞིག་བཞག་གནང་ཐུབ་པ་ཡིན་ན་དེས་ཐའེ་ལྦན་གྱི་དཔལ་འབྱོར་གྱི་འཕེལ་རྒྱས་དེ་བརྒྱ་ཆ་གཅིག་གི་འཕར་ཆ་ཡོང་རྒྱུའི་རེ་བ་གནང་གི་ཡོད་པ་རེད། ཡིན་ནའང་ཐའེ་ལྦན་གྱི་ཕྱོགས་འགལ་དམངས་གཙོ་ཡར་ཐོན་ཚོགས་པས་གལ་སྲིད་ཐའེ་ལྦན་གྱིས་རྒྱ་ནག་དང་ཚོང་འབྲེལ་གྱི་གྲོས་མཐུན་ཞིག་བཞག་གནང་བ་ཡིན་ན་དེས་ཐའེ་ལྦན་གྱི་ཡུལ་དེ་ཐ་དད་ཅིག་ཡིན་པའི་དལྟའི་ངོ་བོ་དེར་གནོད་ཚབ་ཡོང་རྒྱུའི་ཡིན་པའི་ཉེན་བརྡ་བཏང་གནང་ཡོད་པ་རེད། ཐའེ་ལྦན་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་གོང་ཞུས་རྒྱ་ནག་དང་གྲོས་མོལ་གནང་རྒྱུའི་ཚོང་འབྲེལ་གྱི་འབྲེལ་བ་དེ་ཐེངས་བཞི་པ་དེ་ཆགས་ཀྱི་ཡོད་པ་དང་གྲོས་མོལ་དེས་ཕྱོགས་ཕན་ཚུན་བར་ཚོང་འབྲེལ་གནང་རྒྱུའི་གྲོས་མཐུན་ཞིག་དངོས་སུ་འཇོག་གནང་ཐུབ་པའི་རེ་བ་གནང་གི་ཡོད་པའི་གནས་ཚུལ་བཀོད་ཡོད་པརེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎