ཐའེ་ལྦན་དུ་དམིགས་བསལ་དམག་སྦྱོང་བྱས་པ།
2010.04.29
༄༅༎དེ་ཡང་ཐའེ་ལྦན་ལྷོ་ཕྱོགས་སུ་ཡོད་པའི་ཆའེ་ལུ་ཏང་ཞེས་པའི་མཚོ་གླིང་དུ་དེ་རིང་རེས་གཟའ་ཕུར་བུའི་ཉིན་དམག་མི་དྲུག་སྟོང་ལྷག་ཙམ་གྱི་དམག་སྦྱོང་གི་ལས་རིམ་ཞིག་གོ་སྒྲིག་བྱས་པ་དང་། དེའི་ནང་། དམིགས་བསལ་སྲུང་སྐྱོབ་བྱེད་མཁན་གྱི་དམག་མི་དང་། མཁའ་དམག་གནམ་གྲུ། གཞན་ཡང་དམག་སྐབས་དགོས་མཁོའི་རིགས་ཅིག་ཀྱང་འགྲིགས་བཤོམས་དང་དམག་སྦྱོང་བྱས་ཡོད་པ་རེད། ད་རེས་ལས་རིམ་དེའི་ཐོག་ཁུལ་དེའི་དམག་སྒར་གྱི་དམག་དཔོན་ཏའེ་ཞེས་པས་ཨེ་ཨེཕ་པི་གསར་འགོད་པར་འགྲེལ་བརྗོད་བྱས་པར་ལྟར་ན། གལ་སྲིད་མཚོ་གླིང་འདི་རྒྱུད་རྒྱ་ནག་དམག་མིས་ཚུར་རྒོལ་བྱས་པ་ཡིན་ན་ང་ཚོའི་ངོས་ནས་དེར་གདོང་ལེན་བྱེད་ཐུབ་བཟོ་ཡོད་མེད་ཀྱི་ཚོད་ལྟའི་ཚུལ་དུ་དམག་སྦྱོང་བྱས་པ་ཞིག་རེད་ལ་་ད་རེས་དམག་སྦྱོང་འདི་བརྒྱུད་ནས་ང་ཚོས་གདོང་ལེན་བྱེད་ཐུབ་ཀྱི་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གང་ལྟར་རྒྱ་ནག་དང་ཐེ་ཝན་དབར་ད་ལྟའི་ཆར་འབྲེལ་བ་ཕྲན་བུའི་ཡག་ཏུ་ཕྱིན་ཡོད་ཀྱང་ས་མཚམས་ནས་རྒྱ་ནག་གི་ཚུར་རྒོལ་བྱེད་སྲིད་པའི་ཉེན་ཁ་ཡོད་མུས་ཡིན་པ་རེད། དེ་དང་ཕྱོགས་མཚུངས་ཧུ་གུ་གྲོང་ཁྱེར་གྱི་ནང་དུའང་]གོང་ཞུས་ལྟར་དམག་མི་བཞི་བརྒྱ་ལྷག་ཙམ་ནས་དམག་སྦྱོང་དང་། མཁའ་དམག་གནམ་གྲུ་གཏོང་མཁན་ཚོས་ཀྱང་དམག་སྦྱོང་བྱས་ཡོད་པ་རེད།