ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་གློད་འགྲོལ་ཆེད་ཞུ་གཏུགས་བྱས་པ།

ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་ཁྲེན་གློད་འགྲོལ་ཡོང་ཐབས་སུ་ཞུ་གཏུགས་བྱས་པར་ཐའེ་ལྦན་མཐོ་རིམ་ཁྲིམས་ཁང་ནས་དང་ལེན་གནང་མེད་པ།

2008.12.28

༄༅༎ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་ཁྲེན་ཧྲུའེ་པེན་ལ་ལྐོག་ཟ་རུལ་སུངས་ཀྱི་གྱོད་དོན་ཁྲིམས་བཤེར་ཆེད་དུ་གློད་བཀྲོལ་བཏང་ཡོད་ཀྱང་ཁོང་གི་ཁྲིམས་རྩོད་པ་ཚོས་མུ་མཐུད་གློད་འགྲོལ་ཡོང་ཐབས་སུ་ཁྲིམས་ཁང་དུ་ཞུ་གཏུགས་བྱས་པར་དེ་རིང་རེས་གཟའ་ཉི་མའི་ཉིན་ཐའེ་ལྦན་གྱི་མཐོ་རིམ་ཁྲིམས་ཁང་ནས་དང་ལེན་གནང་མེད་པ་རེད།

སྲིད་འཛིན་ཟུར་པ་ཁྲེན་ཧྲུའེ་པེན་མཆོག་ལ་དཔལ་འབྱོར་ལྐོག་ཟ་རུལ་སུངས་དང་གཞུང་གི་དཔལ་འབྱོར་བེད་སྤྱོད་ལོག་པར་བཏང་བའི་ཉེས་འཛུགས་འོག་ཁ་སྔོན་ཕྱི་ཟླ་བཅུ་གཅིག་པའི་ནང་དོ་དམ་བཀག་ཉར་བྱས་ཏེ་ཕྱི་ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན་གྱོད་དོན་ཁྲིམས་བཤེར་ཆེད་དུ་གློད་བཀྲོལ་བཏང་ཡོད་ཀྱང་ཁྲེན་ཧྲུའེ་པེན་ལ་ནག་ཉེས་ཉེས་འཛུགས་ཀྱིས་ཁྲིམས་སར་བསྐྱལ་མཁན་གྱི་གཞུང་གི་ཁྲིམས་རྩོད་པ་ཚོས་གལ་ཏེ་ཁོང་གློད་འགྲོལ་བཏང་བ་ཡིན་ཚེ་ཐའེ་ལྦན་ནས་རྒྱལ་ཁབ་གཞན་དུ་བྲོས་བྱོལ་འགྲོ་སྲིད་པའི་ཉེན་བརྡ་བཏང་སྟེ་ཁོ་ལ་མུ་མཐུད་གྱོད་དོན་འདྲི་ཞིབ་བྱ་རྒྱུའི་ཆེད་དུ་བསྐྱར་དུ་དོ་དམ་འོག་བཀག་ཉར་བྱ་དགོས་པའི་རྩོད་ལེན་བྱེད་བཞིན་ཡོད་པར་བརྟེན་མཐོ་རིམ་ཁང་ནས་ཁྲེན་ཧྲུའེ་པེན་གློད་འགྲོལ་ཡོང་ཐབས་ཀྱི་ཞུ་གཏུགས་ལ་ངོས་ལེན་བྱས་མེད་པ་རེད། རྩ་བའི་ཕྱི་ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན་མཐོ་རིམ་ཁྲིམས་ཁང་གིས་ཁྲེན་ཧྲུའེ་པེན་གློད་འགྲོལ་ཡོང་ཐབས་བྱེད་མཁན་གྱི་ཁྲིམས་རྩོད་པའི་ཞུ་གཏུགས་ལ་བཀའ་ཁྲོལ་སྤྲད་པ་མ་ཟད་ས་གནས་རྫོང་གི་ཁྲིམས་ཁང་ནས་ཁྲེན་ཧྲུའེ་པེན་གློད་འགྲོལ་གཏོང་རྒྱུ་མིན་པའི་ཐག་གཅོད་བྱས་པ་དེ་དག་ལ་བསྐྱར་དུ་བསམ་ཞིབ་བྱ་དགོས་པའི་བཀའ་ཁྱབ་བཏང་ཡང་དམའ་རིམ་ཁྲིམས་ཁང་དེ་ནས་བཀག་འགོག་བྱས་ཡོད་ཅིང་མཐོ་རིམ་ཁྲིམས་ཁང་གི་མགྲིན་ཚབ་པ་ལྦེན་ཡའོ་ཡོན་ཞུ་བས་གསར་འགོད་པར་གསུངས་ན་མཐོ་རིམ་ཁྲིམས་ཁང་ནས་སྲིད་འཛིན་ཟུར་པ་ཁྲེན་ཧྲུའེ་པེན་གློད་འགྲོལ་གཏང་རྒྱུའི་ཐག་གཅོད་ལ་འགྱུར་བ་ཕྱིན་པ་དེ་ནི་ཐའེ་ལྦན་གཞུང་འཛིན་གོ་མིང་ཏང་གིས་ཁ་ལོ་བསྒྱུར་བ་ཞིག་ཡིན་པ་འགྲེལ་བརྗོད་བྱས་ཡོད་པ་དང་གང་ལྟར་ཁྲེན་ཧྲུའེ་པེན་བསྐྱར་དུ་དོ་དམ་འོག་བཀག་ཉར་བྱ་དང་མི་བྱེད་ཀྱི་ཐག་གཅོད་བྱ་རྒྱུར་རེ་སགཟའ་ཟླ་བའི་ཉིན་རྒྱལ་ས་ཐའེ་ཕེ་ཡི་མངའ་སྡེའི་ཁྲིམས་ཁང་ནས་ཉན་ཞིབ་ལྷན་འཛོམས་གནང་རྒྱུ་ཡིན་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎