ཐའེ་ལྦན་གྱིས་དམག་དོན་སྦྱོང་བདར་ཕྱི་བཤོལ།

ཐའེ་ལྦན་གྱིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨིལ་གྲོངས་པའི་རྗེས་འཆར་ཅན་གྱི་ངམག་དོན་་སྦྱོང་བདར་བྱེད་རན་པ་དེ་དག་ཕྱི་བཤོལ་བྱས་པ།

2011.12.20

༄༅༎ཐའེ་ལྦན་གྱིས་བྱང་ཀོ་རི་ཡའི་འགོ་་ཁྲིད་ཀིམ་ཇོང་ཨིལ་(Kim Jong Il)གྲོངས་པའི་རྗེས་སུ་དོན་མེད་རྙོག་དྲ་མི་ཡོང་བའི་ཆེད་དུ་ འཆར་ཅན་གྱི་ངམག་དོན་་སྦྱོང་བདར་བྱེད་རན་པ་དེ་དག་ཕྱི་བཤོལ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག༎
གོ་མཚོན་ལག་ཆ་དངོས་སུ་ཐོགས་པའི་དྲག་པོའི་ཟབ་སྦྱོང་རིམ་པ་ལྔ་སྔོན་ཚུད་དུ་གོ་སྒྲིག་བྱས་ཀྱང། བྱང་ཀོ་རི་ཡའི་འགོ་་ཁྲིད་ཀིམ་ཇོང་ཨིལ་ གྲོངས་པའི་རྗེས་སུ་ཕན་ཚུན་གོ་བརྡ་མ་འཕྲོད་པའི་དཀའ་རྙོག་གཡོལ་ཐབས་ཆེད་ཟབ་སྦྱོང་དེ་རིགས་གནས་སྐབས་རིང་ཕྱི་བཤོལ་གནང་ཡོད་ལུགས་ཐའི་ཝན་གྱི་དམག་སྤྱི་ ཡའོ་ ཨི་ཅི་(Yau I-chih) ཡིས་ཨེ་ཨེཕྤེ་གསར་ལས་ཁང་ལ་འགྲེལ་བརྗོད་གནང་འདུག། ཡང་ཁོང་གིས་ཟབ་སྦྱོང་བསྐྱར་དུ་གང་མགྱོགས་བྱེད་ཐུབ་མིན་ བྱང་ཀོ་རིའི་ནང་དབང་ཆ་འཕོ་འགྱུར་གྱི་གནས་སྟངས་ལ་རག་ལུས་ཀྱི་རེད་ཅེས་གསུངས་གནང་འདུག། བྱང་ཀོ་རི་ཡའི་འགོ་ཁྲིད་རྐྱེན་འདས་སུ་ཕྱིན་པའི་གནས་ཚུལ་རེས་གཟའ་ཟླ་བའི་ཉིན་གསལ་བསྒྲགས་བྱས་པའི་རྗེས་སུ་ ཐའེ་ཝན་གྱི་རྒྱལ་དོན་སྲུང་སྐྱོབ་ལྷན་ཁང་གིས་བློན་ཆེན་ལས་ཁུངས་ནང་ཁུལ་དམིགས་བསལ་ཚོགས་འདུ་ཞིག་སྐོང་ཚོགས་ཀྱིས་ སྲིད་འཛིན་མྭ་ཡིངྗུ་(Ma Ying-jeou)ལ་སྙན་སེང་ཞུས་གནང་ཡོད་འདུག། སྲིད་འཛིན་མ་ཡིངྗུ་ཡིས་བྱང་ཀོ་རིའི་ནང་དབུ་ཁྲིད་འཕོ་འགྱུར་གྱི་སྐབས་འདིར་ཨེ་ཤེ་ཡ་དང་པེ་སི་ཕིག་ཁུལ་གྱི་རྒྱལ་ཁབ་ཚང་མས་སྲུང་སྐྱོབ་དང་བརྟན་ལྷིང་སོར་གནས་ཡོང་བའི་འབད་བརྩོན་གནང་དགོས་པའི་འབོད་བསྐུལ་ཞུས་གནང་འདུག༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎